མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་དང་རྨ་ལྷོ་ཁུལ་གཉིས་ཀྱིས་རྨ་ཆུའི་ཆུ་ཐོག་སྐྱེལ་འདྲེན་གྱི་འཕྲལ་བསྟུན་རོགས་སྐྱོབ་སྦྱོང་བརྡར་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-26 10:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྲི་ཀའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སོང་བ་དང་བསྟུན་ནས། གྲི་གཟིངས་ལ་བསྡད་དེ་རྨ་ཆུ་དང་རྨ་ཆུའི་འགྲམ་གཉིས་ཀྱི་མཛེས་ལྗོངས་ལ་བལྟ་བའི་ཡུལ་སྐོར་བ་ཇེ་མང་ནས་ཇེ་མང་དུ་སོང་སྟེ། ཁྲི་ཀའི་ཡུལ་སྐོར་ལས་རིགས་དེ་འཕེལ་རྒྱས་མགྱོགས་པའི་ཐོན་ལས་གཙོ་བོ་ཞིག་ཏུ་གྱུར་ཡོད། ཡུལ་སྐོར་བས་རྩེད་འཇོར་རོལ་སྐབས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་ས་གནས་མཚོ་དོན་ཅུའུ་ཡིས་ཁྲི་ཀ་ནས་རྨ་ཆུའི་ཆུ་ཐོག་གི་སྐྱེལ་འདྲེན་རོགས་སྐྱོབ་སྦྱོང་བརྡར་སྤེལ། ཁྲི་ཀ་རྫོང་གིས་ཉེ་བའི་ལོ་འགའི་རིང་མ་དངུལ་སྒོར་ཁྲི་ཕྲག་ལྷག་བཏང་ནས། སྤྲོ་གསེང་གཏོང་བྱེད་ཀྱི་གྲུ་གཟིངས་འབྲིང་ཆུང་བཅོ་ལྔ་ཉོས་བ་དང་། ལོའི་ནང་དུ་འགྲུལ་བ་ཁྲི་ལྔ་ལྷག་སྐྱེལ་འདྲེན་བྱས་ནས། ཡོང་སྒོ་སྒོར་ས་ཡ་གསུམ་ལ་སླེབས། རྨ་ཆུའི་ཆུ་ཐོག་གི་སྐྱེལ་འདྲེན་གྲུ་གཟིངས་ཀྱི་བདེ་འཇགས་ཚད་གཞི་སྔར་ལས་ཚད་ལྡན་དུ་བཏང་ནས། གྲུ་གཟིངས་ཀྱིས་ཆུ་ཐོག་གི་འཚོལ་སྐྱོབ་ནུས་བ་དང་འཕྲལ་བསྟུན་དངོས་འཐབ་ཆུ་ཚད་ཇེ་མཐོར་གཏོང་ཆེད། ཉེ་ལམ། མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ། ཁྲི་ཀའི་ས་གནས་མཚོ་དོན་ཅུའུ་ཡིས་མཚོ་སྔོན་རབ་མཛེས་རྨ་ཆུའི་སྐྱེལ་འདྲེན་ཀུང་ཟི་རྩ་འཛུགས་བྱས་ནས། རྨ་ཆུའི་ཆུ་ཐོག་གི་སྐྱེལ་འདྲེན་རོགས་སྐྱོབ་སྦྱོང་བརྡར་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག