མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོའི་སྤྱི་ཟླ8པའི་ཟླ་མཇུག་བར་དུ་ན་གོར་མོའི་གྲོང་རྡལ་སྡོད་དམངས་མི་ཁྲི2.37ཙམ་ཇེ་མང་དུ་སོང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-26 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ8པའི་ཟླ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱི་རོང་འབྲོག་པ90.6%གིས་ཁྱིམ་ཐོ་ལམ་ལུགས་བསྒྱུར་བཅོས་ལེགས་འགྲུབ་བྱས་པ་དང་། རོང་འབྲོག་ཁུལ་གྱི་སྡོད་དམངས་མི23665གྲོང་རྡལ་སྡོད་དམངས་སུ་བསྒྱུར།

2011ལོའི་ཚུན་ནས་བཟུང་། ན་གོར་མོས“མི་གཞི་རྩར་བཟུང་སྟེ་མང་ཚོགས་ཀྱིས་རང་འགུལ་དང་། ཧུར་བརྩོན་གྱིས་བརྟན་བརླིང་ངང་གོ་རིམ་ལྟར་སྐུལ་སྤེལ་གཏོང་བ། གཅིག་གྱུར་གྱིས་འཕེལ་རྒྱས་དང་བཅོས་བསྒྱུར་གསར་སྐྲུན་བྱེད་པའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་། མིག་སྔའི་བར་དུ། ན་གོར་མོ་གྲོང་ཁྱེར་གྱིས་བསྡོམས་པས་ཞིང་སྡེའི་སྡོད་དམངས་ཁྱིམ་ཚང6428ཀྱི་མི23665གྲོང་རྡལ་སྡོད་དམངས་སུ་བསྒྱུར་བའི་ཁྲོད། ཞིང་བ་ཁྱིམ་ཚང5810ཡི་མི21521ཡོད་པ་དང་། འབྲོག་པ་ཁྱིམ་ཚང618དང་མི2144ཡོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག