མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར55ཧྲག་བསྡུ་བྱས་ཏེ་ཞིང་ལས་གཙོ་གནད་ལས་གཞི་ལག་བསྟར་བྱེད་པར་འགན་སྲུང་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-09-26 10:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་སྡེ་ཁག་གིས་ནོར་སྲིད་ཀྱིས་ཞིང་ལས་མ་དངུལ་ལ་རོགས་སྐྱོར་བྱེད་པའི་ཐབས་ལམ་གསར་སྐྲུན་བྱས་ཏེ། ཞིང་ཆེན་རིམ་པའི་ལོ་མགོའི་སྔོན་རྩིས་ལ་གཞིགས་ཏེ། ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་བར་རོགས་སྐྱོར་དང་དབུལ་སྐྱོར་གྱི་ཆེད་སྤྱོད་མ་དངུལ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཞིང་བར་རོགས་སྐྱོར་དང་དབུལ་སྐྱོར་གྱི་ཆེད་སྤྱོད་མ་དངུལ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་མ་དངུལ། ལེའོ་ཉིན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་བཅས་མ་དངུལ་རིགས་ཆེན་པོ་བཞི་གཅིག་བསྡུ་བྱས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར55.29གཅིག་བསྡུ་བྱས་ནས་ཞིང་ལས་ཆུ་བེད་སྒྲིག་ཆས་དང་ལེགས་ཆ་ལྡན་པའི་ཞིང་ཞོར་ཐོན་ལས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་རོགས་སྐྱོར་བྱས་ལ། མ་དངུལ་བེད་སྤྱོད་ཀྱི་ཕན་ནུས་ཇེ་མཐོར་བཏང་བ་བརྒྱུད་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་མཐོར་བཏང་ནས་ཤུགས་ཆེན་པོས་ཞིང་ཕྱུགས་ལས་ཀྱི་གཙོ་གནད་ལས་གཞི་སྐོར་ཞིག་ལག་བསྟར་བྱེད་པར་རོགས་སྐྱོར་བྱས། དུས་མཚུངས་སུ། ནོར་སྲིད་ཀྱིས་རོང་འབྲོག་ཁུལ་གྱི་སྡེ་བ་ཧྲིལ་བོར་སྐུལ་འདེད་དང་དབུལ་ཕོངས་སྡེ་བ་གནས་སྤོར་བྱེད་པ། ཡུག་སྦྲེལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་གཞི་ལ་རོགས་སྐྱོར་བྱས་ཏེ་ཕན་ནུས་ལྡན་པའི་སྒོ་ནས་དབུལ་ཕོངས་ས་ཁུལ་ཕྱུག་བསྒྱུར་བྱེད་པར་སྐུལ་འདེད་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག