མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐྱེ་ཁམས་ཕྱུགས་ལས་ཀྱིས་རྐང་ཚའི་ཕྱུགས་ལས་ལ་གསོན་ཤུགས་གསར་བ་བསྣན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-25 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་དཔེ་སྟོན་ས་ཚིགས6གི་འཛུགས་སྐྲུན་ལས་འགན་སོ་སོའི་འཕེལ་རྒྱས་བདེ་བླག་ཡིན་པ་དང་། རྐང་ཚ་རྫོང་གི་སྲོལ་རྒྱུན་རྩྭ་སའི་ཕྱུགས་ལས་དེ་ཕན་ནུས་མཐོ་བའི་སྐྱེ་ཁམས་ཕྱུགས་ལས་ལ་འཕེལ་རྒྱས་སུ་ཕྱིན་པ་དང་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་རྩ་འཛུགས་འཕེལ་རྒྱས་ཇེ་མཐོར་གཏོང་བར་རྨང་གཞི་བཏིངས།

མིག་སྔར། རྐང་ཚ་རྫོང་གི་རྩྭ་ཐང་སྐྱེ་ཁམས་ལེགས་བཅོས་ལ་ཆེད་དམིགས་ཀྱིས་རྩྭ་སའི་སྐྱེ་ཁམས་བརྟག་བཤེར་ཚད་ལེན་ས་ཚིགས18ལེགས་འགྲུབ་བྱས་པ་དང་། གཟན་ཆས་ལ་ཆེད་དམིགས་ཀྱིས་ལོ་གཅིག་ལ་སྐྱེ་བའི་གཟན་རྩྭ་མུའུ་ཁྲི2.31ལ་འདེབས་འཛུགས་བྱས་ལ། ལོ་དུ་མར་སྐྱེ་བའི་གཟན་རྩྭ་མུའུ་ཁྲི1.7ལ་འདེབས་འཛུགས་བྱས། རྒྱུད་བཟང་གསོ་སྤེལ་ལ་ཆེད་དམིགས་ཀྱིས་རྒྱུད་བཟང་བོད་ལུག2800དང་རྒྱུད་བཟང་མཛོ་གཡག280གསོ་སྤེལ་བྱས། ཐོན་སྐྱེད་སྒྲིག་ཆས་ལ་ཆེད་དམིགས་ཀྱིས་དྲོད་ཁང75འཛུགས་སྐྲུན་ལེགས་འགྲུབ་བྱས་ལ། ཚད་ལྡན་ཅན་གྱི་གསོ་སྤེལ་ཁུལ་ཆུང1ད་ལྟ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། ཕྱུགས་ར406འཛུགས་སྐྲུན་བྱེད་པ་ལས254འཛུགས་སྐྲུན་ལེགས་འགྲུབ་བྱས་ཤིང་། གཟན་རྩྭ་ཁང189འཛུགས་སྐྲུན་བྱེད་པ་ལས་ཁང177འཛུགས་སྐྲུན་ལེགས་འགྲུབ་བྱས་ཡོད། འཚོ་བའི་སྒྲིག་ཆས་ཐད་ལ་ཆེད་དམིགས་ཀྱིས་ས་དོང་ཧྥང1000སྙོམས་བདེ་བྱས་ལ། ས་གྱང་མུས12500ལེགས་བཅོས་བྱས། མི་ཕྱུགས་འཐུང་ཆུ་བཟོ་འགོད་ལེགས་འགྲུབ་བྱེད་ཚད100%ལ་སླེབས་པ་དང་། གནོད་སྐྱོན་མེད་པའི་འཕྲོད་བསྟེན་སྤྱོད་ཁང131འཛུགས་སྐྲུན་བྱས་ལ། སྡེ་བའི་ཁོར་ཡུག་ལེགས་བསྒྱུར་བྱས་པ་ཁྱིམ་ཚང356ལ་སླེབས། ཞབས་ཞུ་མ་ལག་ལ་ཆེད་དམིགས་ཀྱིས་མི་ཐེངས160ལ་ཚན་རྩལ་གསོ་སྦྱོང་བྱས་ཏེ། ལས་འགན་གྱི88.9%ལེགས་འགྲུབ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག