མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་གཙོ་བོའི་རླུང་ཁམས་བཙོག་བཟོ་འགོག་བཅོས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཙོ་བོའི་རླུང་ཁམས་བཙོག་བཟོ་འགོག་བཅོས་བྱ་བའི་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རླུང་ཁམས་བཙོག་བཟོ་འགོག་བཅོས་བྱ་བའི་འགུལ་སྐྱོད་འཆར་འགོད་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཙོ་བོའི་རླུང་ཁམས་བཙོག་བཟོ་འགོག་བཅོས་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རླུང་ཁམས་བཙོག་བཟོ་འགོག་བཅོས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་རླུང་ཁམས་བཙོག་བཟོ་འགོག་བཅོས་བྱེད་རྒྱུ་ནི་དམངས་འཚོར་འབྲེལ་བ་ཡོད་པའི་དོན་དག་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་གྱི་རིམ་པ་སྤར་བའི་བྱ་བ་གཙོ་བོ་ཞིག་ཀྱང་ཡིན་ཞེས་ནན་གྱིས་བཤད་པ་དང་། ཧྲིན་ཀྲང་ཧའོ་ཕུན་གྱིས་བཅོས་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་བཅངས་ཏེ། རླུང་ཁམས་བཙོག་བཟོ་འགོག་བཅོས་བྱེད་རྒྱུ་དེ་ལས་འགལ་གལ་ཆེན་ཞིག་ཏུ་བརྩིས་ནས་ལེགས་འགྲུབ་བྱེད་དགོས་ཞེས་ནན་གྱི་བཤད་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས«ཟི་ལིང་གྲོང་ཁྱེར་གྱི་ཤར་ཕྱོགས་གྲོང་ཁྱེར་ཚོགས་གཙོ་ཡིན་པའི་ས་ཁུལ་གྱི་རླུང་ཁམས་བཙོག་བཟོ་འགོག་བཅོས་བྱ་བའི་ལག་བསྟར་བསམ་འཆར»ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། དེར་ཧ་ཅང་མཐོང་ཆེན་བྱེད་པ་དང་། འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ། བྱ་བའི་ཇུས་གཞི་འགོད་པ་བཅས་བྱས་ནས། ནུས་ལྡན་བྱེད་ཐབས་སྤྱད་དེ་རླུང་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག