མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ། གཡང་འབུམ་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:44

ཀྲུང་གོ་བོད་ཀྱི་དྲ་འབི་འཕྲིན། སྤྱི་ཟླ9བའི་ཚེས22ཉིན་ནས་ཚེས23ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོ་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱེད་པ་དང་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་བ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། གསར་འགྱུར་དྲིལ་སྒྲོག་དང་རིག་གནས་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་བཅས་བྱས་ནས་དྲིལ་སྒྲོག་བསམ་བློ་བྱ་བའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་ཚོགས་འདུ་ལ་མགོ་འཛིན་བྱས། ཅིས་ཏེ་མ་ཅ་ཡིས་ཚོགས་འདུར་སྤྱི་བསྡོམས་བྱས་པ་དང་བསྟན་ཁོ་གྲོས་ཚོགས་སུ་ཞུགས།

ལོ་ཧོས་ཉིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་སྟེང་གི་གསུངས་བཤད་གལ་ཆེན་གྱིས་དྲིལ་སྒྲོག་བསམ་བློ་བྱ་བའི་ཡུན་རིང་འཕེལ་རྒྱས་ཀྱི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་གནད་དོན་སྣ་ཚོགས་གཏིང་ཟབ་པའི་སྒོ་ནས་རྒྱས་བཤད་བྱས་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་གནས་བབ་གསར་བའི་འོག་གི་དྲིལ་སྒྲོག་བསམ་བློ་བྱ་བའི་ཁ་ཕྱོགས་དང་རྩ་དོན། དམིགས་འབེན་ལས་འགན་དང་བྱ་བའི་རེ་བ་བཅས་གསལ་བོར་བསྟན་ཡོད་པས་ང་ཚོས་དྲིལ་སྒྲོག་བསམ་བློ་བྱ་བ་བཟང་བོར་བསྒྲུབ་པར་གཞི་རྩའི་ཁ་ཕྱོགས་གསལ་བོར་བསྟན་ཡོད། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་སྟེང་གི་བློ་མཐུན་རྣམས་ཀྱིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་དེ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས་དྲིལ་སྒྲོག་བསམ་བློ་བྱ་བའི་ཁོར་ཡུག་གསར་བ་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཐད་ནས་བྱེ་བྲག་གི་རེ་བ་བཏོན། ཁོས་ནན་གྱིས་བསྟན་དོན། ཚོགས་ཞུགས་མི་སྣ་རྣམས་ཀྱི་སྔོན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་རིག་ལམ་གསལ་འབྱེད་བྱེད་པ་བཅས་བྱས་ནས་ཆབ་སྲིད་ཀྱི་ལས་འགན་དང་མགོ་ཁྲིད་ཀྱི་ལས་འགན་ཕྲག་ཏུ་ལེན་པར་སྣེ་ཁྲིད་བྱེད་དགོས་ཟེར།

ཅིས་ཏེ་མ་ཅ་ཡིས་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་དྲིལ་སྒྲོག་བསམ་བློ་བྱ་བར་བྱེ་བྲག་སྒོས་བཀོད་སྒྲིག་བྱས་པར་མ་ཟད། དྲིལ་སྒྲོག་ཁོངས་གཏོགས་ཀྱིས་འགན་ནུས་ལག་བསྟར་བྱེད་པའི་ཐད་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག