མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེའི་ཁང་རྙིང་བསྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-25 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་བྱ་བར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལྟར། ནན་ཏན་སྒོས་ཆ་སྡེབ་མ་དངུལ་དངོས་འབེབས་བྱས་ནས་བཟོ་འགོད་འཛུགས་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་བྱས་པའི་རྨང་གཞི་སྟེང་། བཟོ་འགོད་འཛུགས་སྐྲུན་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། དུས་བཅད་ལྟར་ཞིང་ཆེན་ཡོངས་ཀྱི་ཁང་རྙིང་བསྒྱུར་བཅོས་དམིགས་ཚད་ལས་འགན་ལེགས་འགྲུབ་བྱས།

སྤྱི་ཟླ9བའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་བཟོ་འགོད་འཛུགས་སྐྲུན་བྱས་པ་དོན་དངོས་ཐོག་ཁྱིམ་ཚང25247ལ་སླེབས་ཤིང་། དེས་འཛུགས་སྐྲུན་ལས་འགན་སྤྱི་གྲངས་ཀྱི100.98%ལ་སླེབས་ཡོད་པ་དང་། ཟླ་སྔོན་མའི་དུས་མཉམ་ལས2.49%འཕར་ཡོད། ཁང་རྙིང་བསྒྱུར་བཅོས་ལེགས་འགྲུབ་བྱས་པའི་ཁྱིམ་ཚང16819ལ་སླེབས་ཤིང་ལེགས་འགྲུབ་བྱས་ཚད67.27%ལ་སླེབས་ལ། ཟླ་སྔོན་མའི་དུས་མཉམ་ལས16.87%འཕར། དེའི་ནང་མཚོ་ལྷོ་ཁུལ་གྱིས་ཁྱིམ་ཚང2901ལེགས་འགྲུབ་བྱས་པ་དང་། ལེགས་འགྲུབ་བྱེད་ཚད96.7%ལ་སླེབས། མཚོ་བྱང་ཁུལ་གྱིས་ཁྱིམ་ཚང2380དང་ལེགས་འགྲུབ་བྱེད་ཚད95.2%ལ་སླེབས། རྨ་ལྷོ་ཁུལ་གྱིས་ཁྱིམ་ཚང985དང་ལེགས་འགྲུབ་བྱེད་ཚད89.54%ལ་སླེབས། ཟི་ལིང་གྲོང་ཁྱེར་གྱིས་ཁྱིམ་ཚང4454དང་ལེགས་འགྲུབ་བྱེད་ཚད68.5%ལ་སླེབས། མཚོ་ཤར་གྲོང་ཁྱེར་གྱིས་ཁྱིམ་ཚང5431དང་ལེགས་འགྲུབ་བྱེད་ཚད54.3%ལ་སླེབས། མཚོ་ནུབ་ཁུལ་གྱིས་ཁྱིམ་ཚང་468དང་ལེགས་འགྲུབ་བྱེད་ཚད46.8%ལ་སླེབས། མགོ་ལོག་ཁུལ་གྱིས་ཁྱིམ་ཚང200དང་ལེགས་འགྲུབ་བྱེད་ཚད22.2%ལ་སླེབས་པ་དང་། གཞན་ཁྱིམ་ཚང80ད་ལྟ་འཛུགས་སྐྲུན་བྱེད་ལ་ཉེ།

མིག་སྔའི་བར་དུ། མཚོ་སྔོན་གྱིས་ལོ་ཧྲིལ་བོའི་འཛུགས་སྐྲུན་ལས་འགན་ཁྱིམ་ཚང་ཁྲི2.5ཡི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར4.7རྫོང་སོ་སོར་རྩིས་སྤྲོད་བྱས་ཡོད། ས་གནས་ཀྱི་ཆ་སྡེབ་མ་དངུལ་ཐད་ནས་མིག་སྔར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་ཆ་སྡེབ་མ་དངུལ་སྒོར་ཁྲི7732དངོས་འབེབས་བྱས་ཤིང་། དེས་ཞིང་ཆེན་ཡོངས་ཀྱི་ས་གནས་ཆ་སྡེབ་མ་དངུལ་གྱི96.65%ཟིན་ཡོད། དེའི་ནང་མཚོ་ནུབ་ཁུལ་གྱིས་མ་དངུལ་སྒོར་ཁྲི308དངོས་འབེབས་བྱས་ཤིང་དེས་ས་གནས་ཀྱིས་ཆ་སྡེབ་མ་དངུལ་གྱི96.25%ཟིན་ཡོད། མགོ་ལོག་ཁུལ་གྱིས་མ་དངུལ་སྒོར་ཁྲི208དངོས་འབེབས་བྱས་ལ། དེས་ས་གནས་ཆ་སྡེབ་མ་དངུལ་གྱི72.2%ཟིན་ཡོད། རྨ་ལྷོ་ཁུལ་གྱིས་མ་དངུལ་སྒོར་ཁྲི176%དང་དེས་ས་གནས་ཆ་སྡེབ་མ་དངུལ་གྱི50%ཟིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག