མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:43

0.jpg

སྤྱི་ཟླ9བའི་ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་ནས་ཚོགས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་ནས་ཚོགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་ཀྲུའུ་རིན་ལོ་ཧོས་ཉིན་གྱི་མངག་བཅོལ་ལྟར་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲིན་ཧི་དང་སྟག་འབུམ་ཐར། དབང་མོ། ཚའོ་བུན་ཧུའུ། མཱ་ཝེ། ཚའོ་ཧུང་། དྲུང་ཡིག་ཆེན་མོ་ཚེ་ཏེ་ཀོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་མི་ཞེ་གཉིས་གྲོས་ཚོགས་སུ་ཞུགས་པས། བཅའ་ཁྲིམས་སྟེང་གཏན་ལ་ཕབ་པའི་མི་གྲངས་དང་མཐུན།

    གྲོས་ཚོགས་སྟེང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ་དང་ཉིན་ཐོའི་གྲོས་རིམ་ལ་གྲོས་འཆམ་བྱུང་། གྲོས་ཚོགས་སྟེང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིག་ཅན་ཅོན་གྱིས་ཕུལ་བའི«མཚོ་སྔོན་ཞིང་ཆེན་གྱི་ཙོང་ཆུའི་བཞུར་རྒྱུད་ཀྱི་བཙོག་ཆུ་སྔོན་འགོག་སྲོལ་ཡིག་བཟོ་བཅོས་འཆར་ཟིན»ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུ་དང་། ཟི་ལིང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཏུའུ་ཧྲུའུ་ཕེན་གྱིས་ཕུལ་བའི«ཟི་ལིང་གྲོང་ཁྱེར་འཛུགས་སྐྲུན་བཟོ་སྐྲུན་གྱི་ས་འགུལ་སྔོན་འགོག་རེ་བ་དང་ས་འགུལ་བདེ་འཇགས་རང་བཞིན་གྱི་གདེང་འཇོག་དོ་དམ་སྲོལ་ཡིག»སྐོར་གྱི་གསལ་བཤད། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྱིས་ཕུལ་བའི་མཚོ་སྔོན་ཞིང་ཆེན་གྱི“ཕལ་ཆེར་གཉིས”བཟང་བོར་སྒྲུབ་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་རྒྱལ་ཁོངས་མངའ་ཁོངས་ཐོན་ཁུངས་ཐིན་གྱི་ཐིན་ཀྲང་ལིན་ཧྲན་ཆིན་གྱིས་ཕུལ་བའི་མཚོ་སྔོན་ཞིང་ཆེན་གྱི་གཏེར་ཁའི་ཐོན་ཁུངས་གཙོ་བོ་བཀོད་སྒྲིག་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་རིམ་པར་ལྟར་ཉན། གྲོས་ཚོགས་སྟེང་ད་རུང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བུའུ་ཧེ་ཁུང་དང་ཞིང་ཆེན་ཆུ་བེད་ཐིན་གྱི་ཐིན་ཀྲང་ཁྲིན་ཞིན་ལུང་། ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་ཀྲང་ཧོང་ཡོན་བཅས་ཀྱིས་སོ་སོར་ཕུལ་བའི་ཞིང་ཆེན་དམངས་འཐུས་ཚོགས་ཀྱི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་བཅད་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།

    གྲོས་ཚོགས་སྟེང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི«ཟི་ལིང་གྲོང་ཁྱེར་གྱི་འཛུགས་སྐྲུན་བཟོ་སྐྲུན་གྱི་ས་འགུལ་སྔོན་འགོག་རེ་བ་དང་ས་འགུལ་བདེ་འཇགས་རང་བཞིན་གྱི་གདེང་འཇོག་དོ་དམ་སྲོལ་ཡིག»སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་དོན་འཐུས་མི་འདེམ་བསྐོ་བྱ་བའི་ཨུ་ཡོན་ལྷན་ཁང་གི«མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི་དམངས་འཐུས་ཚོགས་ཆེན་སྐབས་དང་པོ་བསྡུ་བའི་སྐོར་གྱི་གནད་དོན་འགའི་གྲོས་ཆོད་འཆར་ཟིན»སྐོར་གྱི་གསལ་བཤད་པར་ནས་བཀྲམས།

    ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁེ་ཅོན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཝང་ཞའོ་ཡུང་། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་དང་ཞིང་ཆེན་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁ་ཤས་གྲོས་ཚོགས་སྟེང་ཟུར་དུ་ཞུགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག