མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ2013ལོའི་ཀྲུང་གོའི་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་བཤམས་སྟོན་ཚོགས་འདུར་ཞུགས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:42

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། 2013ལོའི་ཀྲུང་གོའི་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་བཤམས་སྟོན་ཚོགས་འདུ་དེ་ཉིན་ཞ་དབྱིན་ཁྲོན་ནས་བསྡུས་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལོང་གིས་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པའི་མགོ་ཁྲིད་དེ་དངོས་མང་བཤམས་སྟོན་ཚོགས་འདུར་ཞུགས། ཀྲུང་གོའི་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་བཤམས་སྟོན་ཚོགས་འདུ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་པུའུ་དང་ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་ཡར་སྐུལ་ཨུ་ཡོན་ལྷན་ཁང་། ཉིན་ཞ་ཧོས་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབས་པ་དང་། དེ་ནི་ཨ་རབ་རྒྱལ་ཁབ་དང་དབྱི་སི་ལན་གྱི་རྒྱལ་ཁབ་གཞན་པར་ཁ་གཏད་པའི་རྒྱལ་ཁབ་རིམ་པ་དང་། རྒྱལ་སྤྱིའི་རང་བཞིན་གྱི་ཕྱོགས་བསྡུས་དངོས་མང་བཤམས་སྟོན་ཚོགས་འདུ་ཞིག་ཡིན་པ་དང་། དེའི་སྔ་མ་ནི་ཀྲུང་གོ་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་དང་ཀྲུང་གོ.ཨ་རབ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་བགྲོད་གླེང་ཚོགས་འདུ་རེད།

མཚོ་སྔོན་ཞིང་ཆེན་གྱིས་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་དང་དཔལ་འབྱོར་ཉོ་ཚོང་གི་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱས་ཏེ་དངོས་མང་བཤམས་སྟོན་ཚོགས་འདུར་ཞུགས་པ་དང་། ཚོང་གཏམ་དང་མཚམས་སྦྱོར། འགྲེམ་སྟོན། དྲིལ་སྒྲོག་བྱ་འགུལ་རྣམ་པ་སྣ་ཚོགས་སྤེལ་ནས།མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་ཅན་གྱི་ཐོན་ལས་དང་། དབྱི་སི་ལན་གྱི་ཟས་རིགས། མུའུ་སི་ལེན་གྱི་རྒྱུན་བཀོལ་ཐོན་རྫས་ཀྱི་ཐོན་སྐྱེད་ཁེ་ལས་བཅས་འཛམ་གླིང་དུ་བསྐྱོད་པར་སྐུལ་འདེད་བྱས། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱིས་རྨིས་གྲུ་བཞི་ལྷམ་པ་གྱ་གཅིག་ཅན་གྱི་འགྲེམ་སྟོན་བྱེད་ས་ཉོས་ནས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་མདོར་བསྡུས་དང་འཛུགས་སྐྲུན་ཐད་ཀྱི་གྲུབ་འབྲས། ཁྱད་འཕགས་ཕུལ་བྱུང་ཐོན་ལས་ཀྱི་འཕེལ་རྒྱས་དང་དབྱི་སི་ལན་ཟས་རིགས་དང་རྒྱུན་བཀོལ་དངོས་རྫས་བཅས་ཁྱད་ཆོས་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་དང་མ་འོངས་སྔོན་དཔག་བཅས་འགྲེམ་སྟོན་བྱས། དེ་དང་མཉམ་དུ། ཁེ་ལས་ཁ་ཤས་རྩ་འཛུགས་བྱས་ཏེ། མིང་གྲགས་ཅན་དང་ཁྱད་ཆོས་ཅན། ཕུལ་དུ་བྱུང་བའི་ཐོན་རྫས་ཀྱི་འགྲེམ་སྟོན་དྲིལ་སྒྲོག་དང་ཚོང་གཏམ་བརྗེ་རེས་བྱ་འགུལ་སྤེལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག