མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གི་དགོན་པ17ལ་དཔེ་ཁང་འཛུགས་སྐྲུན་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-25 10:42

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཆོས་ལུགས་དགོན་སྡེ་ལ་ཏང་གི་ཚགས་པར་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན། དགོན་སྡེའི་དཔེ་ཁང་བཅས་ཡོད་པའི་དམིགས་ཚད་བླང་བྱ་མངོན་འགྱུར་བྱས་ཏེ། ཧུར་བརྩོན་གྱིས་དགོན་སྡེའི་དཔེ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བྱས།

མིག་སྔའི་བར་དུ། རྫོང་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ17ལ་དཔེ་ཁང་འཛུགས་སྐྲུན་བྱས་ཏེ་བསྡོམས་པས་དཔེ་སྒམ59དང་དཔེ་དེབ15721ཆ་སྡེབ་བྱས་ནས་སྤྱིའི་རིན་གོང་སྒོར་ཁྲི37.5ལ་སླེབས་ཡོད་པ་དང་། དཔེ་ཆ་དེ་དག་ལ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སྲིད་ཇུས་བྱེད་ཐབས་དང་རྒྱལ་ཁབ་བཅའ་ཁྲིམས་ཁྲིམས་ལུགས། རིག་གནས་སློབ་གསོ། རྩོམ་རིག་སྒྱུ་རྩལ། ཚན་རིག་ལག་རྩལ། འཕྲོད་བསྟེན་བདེ་སྲུང་སོགས་ཀྱི་ནང་དོན་འདུས་ཡོད། ཐུན་ཏེ་རྫོང་གི་དགོན་སྡེའི་དཔེ་ཁང་འཛུགས་སྐྲུན་བྱས་པ་དེས་ཕན་ནུས་ལྡན་པའི་སྒོ་ནས་དགོན་པའི་གྲྭ་བཙུན་གྱིས་དཔེ་ཆ་ལྟ་དཀའ་བ་དང་དཔེ་ཆ་གཡོར་དཀའ་བའི་དངོས་ཡོད་གནད་དོན་ཐག་བཅད་དེ། སྔར་ལས་ལྷག་པའི་སྒོ་ནས་གྲྭ་བཙུན་གྱིས་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། གྲྭ་བཙུན་གྱི་སྤྱི་ཚོགས་ཀྱི་གཞི་རྩའི་སྤྱི་བའི་ཞབས་ཞུ་དང་དཔེ་ཆ་ལ་ལྟ་བའི་གཞི་རྩའི་རིག་གནས་ཁེ་དབང་ལ་ཁག་ཐེག་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ལོངས་སྤྱོད་བྱེད་པར་འགན་སྲུང་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག