མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དར་ལག་རྫོང་གིས་ཕྱོགས་མང་པོ་ནས་མ་དངུལ་བཏང་ནས་ཕྱུག་བསྒྱུར་ལམ་ལས་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱུག་པོར་འགྱུར་འདོད་ན། ཐོག་མར་ལམ་ལས་དགོས་ཞེས་བ་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་རྒྱལ་ཡོངས་ཀྱི་ས་ཆ་ག་ས་གང་དུ་དར་ཁྱབ་ཆེ་བའི་སྐད་ཆ་ཞིག་ཡིན་ལ། ད་ལྟའི་དུས་རབས་འདིར་བཀོལ་ན་ཡང་སྔར་བཞིན་འཚམ་པ་ཞིག་རེད། ད་ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་འགྲུམ་འགྲུལ་ལས་གཞི་བཅུ་་ལག་བསྟར་བྱས་ནས། བསྡོམས་པས་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་བདུན་ལྷག་བཏང་། གཞུང་ལམ་ལས་བ་དེས་རོང་འབྲོག་མང་ཚོགས་ཀྱི་འགྲོ་སྡོད་ལ་སྟབས་བདེ་བཟོས་བར་མ་ཟད་ཁོ་ཚོའི་ཡོང་སྒོ་ཇེ་མང་དུ་གཏོང་བར་ཡང་སྐུལ་འདེད་བྱས།

དེའི་ཁྲོད་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་གཉིས་བཏང་བ་དང་རིང་ཐུང་ཧྲིལ་བོར་སྤྱི་ལེ་ཉེར་བཞི་ཡོད་པའི་འོད་ཟེར་ནས་ཡུ་ལུང་བར་གྱི་ཨར་འདམ་གཞུང་ལམ་དང་། མ་དངུལ་སྒོར་ས་ཡ་བཞི་འབུམ་བདུན་བཏང་བ་དང་རིང་ཐུང་ཧྲིལ་བོར་སྤྱི་ལེ་ཞེ་བདུན་ཡོད་པའི་སྟག་ཐོག་ནས་གསེར་ཀུན་རྩྭ་ཐང་གི་གཞུང་ལམ་གཉིས་ཀྱི་བཟོ་སྐྲུན་གྱི་བརྒྱ་ཆའི་གྱ་ལྔ་ལེགས་འགྲུབ་བྱུང་བ་དང་། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་ཁྲི་བརྒྱད་བཏང་བ་དང་རིང་ཐུང་ཧྲིལ་བོར་སྤྱི་ལེ་ཞེ་ལྔ་ལྷག་ཡོད་པའི་སྟག་ཐོག་ཞང་ནས་གསང་རུ་མའི་བར་གྱི་གཞུང་ལམ་ད་ལྟ་ཡོངས་འགྲུབ་བྱས། མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བརྒྱད་ཁྲི་བདུན་ལྷག་བཏང་བའི་ཞང་དང་གྲོང་བརྡལ་བཅུ་རུ་ལག་བསྟར་བྱེད་བཞིན་པའི་འབྲོག་དངམས་གཏན་སྡོད་བཟོ་སྐྲུན་གྱི་ཆ་སྡེབས་གཞུང་ལམ་བཟོ་སྐྲུན་གྱི་བརྒྱ་ཆའི་ལྔ་བཅུ་ལེགས་འགྲུབ་བྱུང་བ་དང་། མ་དངུལ་སྒོར་ས་ཡ་དགུ་དང་འབུམ་ལྔ་ཁྲི་གཉིས་བཏང་བའི་སྟག་ཐོག་རྨ་ཆུའི་ཟམ་པའི་ལས་གཞི་ལ་ཞིབ་དཔྱད་བྱས་ཟིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག