མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྤྲོ་སྐྱིད་ཀྱི་གྲོང་ཚོའི་སྐོར་བསྐྱོད་འཁྲབ་སྟོན་ཚོགས་པ་གུང་ཧོ་རྩྭ་ཐང་དུ་སོང་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་སྤྲོ་སྐྱིད་ཀྱི་གྲོང་ཚོའི་སྐོར་བསྐྱོད་འཁྲབ་སྟོན་ཚོགས་པ་ཉེ་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་སོང་ནས། སོ་སོར་ཆབ་ཆ་གྲོང་བརྡལ་གྱི་ཤམ་པ་ལ་ཐང་ཆེན་དང་ཐང་དཀར་མ་གྲོང་བརྡལ་ནས་རོང་འབྲོག་མང་ཚོགས་ལ་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་རབ་དང་རིམ་པ་བྱས། བྱ་འགུལ་དེ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་རིག་དང་དཔལ་ཡོན་གཞུང་སྒྲུབ་ཁང་། ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་གཙོ་སྒྲུབ་དང་། ཞིང་ཆེན་རིག་གནས་ཁང་དང་མཚོ་སྔོན་མི་རིགས་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པ་དང་། ཟི་ལིང་སྒྱུ་རྩལ་ཟློས་གར་ཁང་ཚད་ཡོད་འགན་ལེན་ཀུང་ཟིས་འཁྲབ་སྟོན་བྱས་པ་རེད། འཁྲབ་སྟོན་བྱ་འགུལ་དེ་སྔོན་ཐོན་རིག་གནས་དྲིལ་སྒྲོག་དང་སྤྲོ་སྐྱིད་ཀྱི་རོང་འབྲོག་ཁུལ་ཞེས་བའི་བརྗོད་དོན་དང་དམ་དུ་སྦྲེལ་ནས། ནང་དོན་ཕུན་སུམ་ཚོགས་པ་དང་བདེ་ཐང་ཡིན་པ། མང་ཚོགས་ཀྱི་ཉན་སྤྲོ་བ་དང་ལྟ་འདོད་པའི་མི་རིགས་ཀྱི་གླུ་གར་དང་གཞས་མ་གཏམ་སོགས་ལེ་ཚན་སྒྲིག་བཟོ་བྱས་པ་དང་། རིག་གནས་ཞང་སྡེ་རུ་སྐྱེལ་བ་དང་སྤྲོ་སྐྱིད་ཞིང་ཁྱིམ་དུ་སྐྱེལ་བ། ཞབས་ཞུ་ཞིང་ཁྱིམ་དུ་སྐྱེལ་བའི་བྱེད་ཐབས་བརྒྱུད་ནས། རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་ཏང་གི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་དྲིལ་སྒྲོག་དང་། རིག་གནས་ཚོང་རྟགས་བྱ་འགུལ་གྱིས་སྤྱི་ཚོགས་ཀྱི་དར་སྲོལ་བཟང་བོར་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཧུར་ཐག་གིས་ཡར་ཐོན་དང་བདེ་ཐང་དཔལ་ཡོན། མགྱོགས་མྱུར་འཕེལ་རྒྱས་དང་འཆམ་མཐུན་མདུན་སྐྱོད་བཅས་ཀྱི་རོང་འབྲོག་ཁུལ་གྱི་རྣམ་པ་གསར་བ་གསར་སྐྲུན། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་ཁྱིམ་གཞི་དང་འཆམ་མཐུན་གྱི་ཁྱིམ་གཞི་འཛུགས་པར་འབད་བརྩོན་ལྷོད་མེད་བྱེད་པའི་སྙིང་སྟོབས་ལ་སྐུལ་སློང་བཅས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག