མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཟ་ལར་རིགས་ཀྱི་ཕ་ཡུལ་ནས་དམར་དམག་སློབ་ཆུང་བཙུགས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས21ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཧུང་ཀོང་དམར་དམག་སློབ་ཆུང་གི་སློབ་མ་བརྒྱ་དང་ལྔ་བཅུ་ལྷག་གིས་ད་སོ་མ་ལས་འགྲུབ་པའི་སློབ་གྲྭ་ནས་དར་དམར་སྒྲེང་བའི་མཛད་སྒོ་བསྡུས། དེ་ནི་རྒྱལ་ཡོངས་དམར་དམག་སློབ་ཆུང་འཛུགས་སྐྲུན་བཟོ་སྐྲུན་ལས་འཛིན་ལྷན་ཚོགས་ཀྱིས་སྒོ་བྱང་གནང་བ་དང་། དམག་དཔུང་གིས་རོགས་སྐྲུན་བྱས་པའི་དམར་དམག་སློབ་ཆུང་ཞིག་ཡིན་ལ། ད་ལྟའི་བར་དུ་རྒྱལ་ཡོངས་སུ་བསྡོམས་པས་དམར་དམག་སློབ་ཆུང་བརྒྱ་དང་སོ་བདུན་བཙུགས་ཡོད།

ལོ་ངོ་བདུན་ཅུ་རིང་གི་ལོ་རྒྱུས་ལྡན་པའི་ཧུང་ཀོང་དམར་དམག་སློབ་ཆུང་དེ་ཞུན་ཧྭ་རྫོང་ཁྲ་ཧན་ཏུའུ་ཟི་ཞང་ཧུང་ཀོང་སྡེ་བར་ཡོད། དེ་ནི་མཚོ་སྔོན་ཞིང་ཆེན་དུ་ཡོད་པའི་དམར་དམག་གིས་ལས་པའི་སློབ་གྲྭ་གཅིག་པུ་རེད། ཧུང་ཀོང་སློབ་གྲྭའི་སློབ་གཙོ་མཱ་མེན་ཆོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཡོངས་དམར་དམག་སློབ་ཆུང་འཛུགས་སྐྲུན་བཟོ་སྐྲུན་ལས་འཛིན་ལྷན་ཚོགས་དང་། དམར་དམག་གི་རྗེས་རབས་པ་རྣམས། གཅེས་སེམས་ཡོད་པའི་ཁེ་ལས་བཅས་ཀྱིས་མ་དངུལ་ཞལ་འདེབས་སུ་ཕུལ་ཏེ། སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ཡོད་ཟེར།

ཤེས་པ་ལྟར་ན། 2008ལོའི་ལོ་མགོ་ནས་བཟུང་། རྒྱལ་ཡོངས་དམར་དམག་སློབ་ཆུང་འཛུགས་སྐྲུན་བཟོ་སྐྲུན་ལས་འཛིན་ལྷན་ཚོགས་ཀྱིས་སྔ་གཞུག་ཏུ་མ་དངུལ་སྒོར་ས་ཡ་བརྒྱ་ལྷག་ཞལ་འདེབས་སུ་ཕུལ་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་སྔ་གཞུག་ཏུ་དམར་དམག་སློབ་ཆུང་ལྔ་བཙུགས། ད་ལྟ་དམར་དམག་སློབ་ཆུང་ལྔ་དེ་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལོ་ཆུང་བྱིས་པར་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་ས་གཙོ་བོར་གྱུར་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག