མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧི་ནན་དང་ཐུན་རིན་རྫོང་ཡོངས་ལ་དགོན་སྡེའི་དཔེ་ཁང་ཁྱབ་པ་མངོན་འགྱུར་བྱས་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-24 10:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགོན་སྡེའི་དཔེ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དགོན་སྡེའི་གྲྭ་བཙུན་གྱིས་སྤྱི་ཚོགས་ཀྱི་གཞི་རྩའི་སྤྱི་བའི་ཞབས་ཞུ་དང་དཔེ་ཆ་དང་ཚགས་པར་ལ་ལྟ་བའི་གཞི་རྩའི་རིག་གནས་ཁེ་དབང་ལོངས་སྤྱོད་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མཉམ་སྤྱོད་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དང་ཐུན་རིན་རྫོང་གཉིས་ཀྱིས་ཧུར་བརྩོན་གྱིས་དམངས་ཕན་སྲིད་ཇུས་བརྩོན་ལེན་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི“དགོན་སྡེའི་དཔེ་ཁང”ལ་དཔེ་ཆ་སྟེར་བའི་མཛད་སྒོ་བསྡུས་པ་དང་། ཧི་ནན་རྫོང་གི་དགོན་པ4ལ་དཔེ་ཆ་དང་ཡིག་ཚགས་སྒམ་ཆུང་བྱིན་ལ། བསྡོམས་པས་དཔེ་ཆ་དེབ5063དང་སྤྱིའི་རིན་གོང་སྒོར་ཁྲི13.19ལ་སླེབས་ཡོད་པ་དང་། དུས་མཚུངས་སུ་དཔེ་སྒམ19བྱིན། ཐུན་རིན་རྫོང་གིས་རྫོང་ཡོངས་ཀྱི་དགོན་པ36ལ་དཔེ་སྒམ119དང་སྒོ་བྱང36། ལམ་ལུགས་བསྒྲགས་བྱང72། དཔེ་ཆ་དེབ31471བྱིན་ནས། རྫོང་གཉིས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དཔེ་ཁང་རྫོང་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས།

རྒྱུས་ལོན་པ་ལྟར་ན། དཔེ་ཆ་འདི་དག་གི་ནང་དོན་ཕུན་སུམ་ཚོགས་ལ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བཅའ་ཁྲིམས། རིག་གནས་སློབ་གསོ། རིག་གནས་སྒྱུ་རྩལ། ཚན་རིག་ལག་རྩལ། འཕྲོད་བསྟེན་བདེ་སྲུང་སོགས་ནང་དོན་སྣ་མང་འདུས་ཡོད། དགོན་སྡེའི་དཔེ་ཁང་བཙུགས་པ་དེས་ཕན་ནུས་ལྡན་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་དགོན་པའི་གྲྭ་བས“དཔེ་ཆར་ལྟ་མི་ཐུབ་པ་དང་དཔེ་ཆ་གཡོར་དཀའ་བའི”དངོས་ཡོད་གནད་དོན་ལ་འགྱུར་ལྡོག་བྱུང་ནས། གྲྭ་བཙུན་མང་པོའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག