མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞོན་ཧྭ་རྫོང་གི་སློབ་མ1334ལ་སློབ་རོགས་དངུལ་བུན་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-24 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་མགོ་གསར་བ་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་མ་དངུལ་སྒོར་ཁྲི628ཧྲག་བསྡུ་བྱས་ནས་སློབ་རོགས་དངུལ་བུན་བཏང་བ་དང་། དབུལ་ཕོངས་སློབ་མ1334ལ་རོགས་སྐྱོར་བྱས་ཏེ་ཁོ་ཚོའི་སློབ་ཆེན་འགྲིམ་པའི་རེ་འདུན་མངོན་འགྱུར་བྱས།

ཉེ་བའི་ལོ་འགའི་རིང་། ཞོན་ཧྭ་རྫོང་གིས་དབུལ་ཕོངས་སློབ་མར་རོགས་སྐྱོར་བྱེད་པའི་བྱ་བ་དེ་སློབ་གསོ་ཆ་སྙོམས་ལ་སྐུལ་འདེད་བཏང་སྟེ་མི་དམངས་ཀྱི་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པའི་དམངས་སེམས་བཟོ་འགོད་ཞིག་ཏུ་བརྩིས་ནས་མུ་མཐུད་དུ་སློབ་རོགས་མ་དངུལ་བརྩོན་ལེན་བྱེད་པི་ཐབས་ལམ་རྒྱ་ཇེ་ཆེར་བཏང་བས། སློབ་རོགས་མ་དངུལ་གྱིས་དབུལ་ཕོངས་སློབ་མ་མང་པོ་ཞིག་ལ་ཕན་ཁེ་བསྐྲུན་ནས་ཁོ་ཚོའི་སློབ་གྲྭ་འགྲིམས་པའི་རེ་འདུན་མངོན་འགྱུར་བྱས། ལོ་གཉིས་ལྷག་གི་རིང་སྔ་རྗེས་སུ་རེ་བའི་བཟོ་འགོད་ཀྱི་རེ་འདུན་མངོན་འགྱུར་བྱ་འགུལ་དང་ནུབ་རྒྱུད་གསར་སྤེལ་གྱི་སློབ་རོགས་བཟོ་འགོད་སོགས་སློབ་རོགས་དངུལ་བུན་ལས་གཞི་སྐོར་ཞིག་ལག་བསྟར་བྱས་ཤིང་། བསྡོམས་པས་ཞིང་སྡེའི་དབུལ་ཕོངས་སློབ་ཆེན་སློབ་མ2204ལ་རོགས་སྐྱོར་མ་དངུལ་དང་སློབ་རོགས་དངུལ་བུན་སྒོར་ཁྲི1148དངོས་འབེབས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག