མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་དངུལ་ལོར་གྱིས་རྣམ་པ་གསར་བའི་ཞིང་སྡེ་དང་སྡོད་ཁུལ་ཚོད་ལྟའི་འཛུགས་སྐྲུན་ལས་གཞིར་རོགས་སྐྱོར་བྱེད་པའི་འབྲེལ་མཐུད་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་དང་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གཉིས་ཀྱིས་མཉམ་དུ་བསྡུས་པའི་དངུལ་ལོར་གྱིས་རྣམ་པ་གསར་བའི་ཞིང་སྡེ་དང་སྡོད་ཁུལ་ཚོད་ལྟའི་འཛུགས་སྐྲུན་ལས་གཞིར་རོགས་སྐྱོར་བྱེད་པའི་འབྲེལ་མཐུད་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་སྡོད་ཁུལ་འཛུགས་སྐྲུན་ཕྱོགས་དང་དངུལ་ཁང་ཕྱོགས་ཀྱི་དངུལ་ལོར་རོགས་སྐྱོར་བྱ་བའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྡོད་ཁུལ་འཛུགས་སྐྲུན་བྱེད་པའི་ཇུས་གཞི་ལྟར་དངུལ་ལོར་རོགས་སྐྱོར་གྱི་འཆར་གཞི་འགོད་པ། ལས་གཞིའི་དངུལ་བུན་དོན་ཐོག་ཏུ་འཁྱོར་བར་བྱས་ཏེ། གོ་རིམ་ལྡན་པའི་སྒོ་ནས་རྣམ་པ་གསར་བའི་ཞིང་སྡེ་དང་སྡོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། རྣམ་པ་གསར་བའི་ཞིང་སྡེ་དང་སྡོད་ཁུལ་ཚོད་ལྟའི་འཛུགས་སྐྲུན་ལ་དངུལ་ལོར་གྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། སྡོད་ཁུལ་འཛུགས་སྐྲུན་གྱི་དངུལ་བུན་དང་དངུལ་ལོར་རོགས་སྐྱོར་གྱི་གནད་དོན་ནུས་ཡོད་སྒོས་ཐག་གཅོད་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས་ནན་གྱི་བསྟན་དོན། སྲིད་གཞུང་དང་དངུལ་ཁང་དང་། ས་གནས་དང་དངུལ་ཁང་། དངུལ་ཁང་དང་ཁེ་ལས་བཅས་བར་གྱི་མཉམ་ལས་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ། དངུལ་ཁང་དང་དངུལ་ལོར་ལས་ཁུངས་ཀྱི་ཆ་ཚང་ཞབས་ཞུའི་ཐོན་རྫས་གསར་སྤེལ་བྱེད་པར་ཤུགས་སྣོན་དགོས། རོང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་དང་། སྡོད་ཁུལ་ཐོན་ལས་དང་གསར་སྤེལ་ཁེ་ལས། སྡོད་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་བཅས་ཐད་ཀྱི་དངུལ་བུན་གཏོང་ཤུགས་ཇེ་ཆེར་བཏང་སྟེ། རྣམ་པ་གསར་བའི་ཞིང་སྡེ་དང་སྡོད་ཁུལ་ཚོད་ལྟའི་འཛུགས་སྐྲུན་ཐད་ཀྱི་མ་དངུལ་མི་འདང་བའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག