མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་མིན་ཡོན་རྫོང་ནས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཕྲལ་བསྟུན་སྦྱོང་བརྡར་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-23 11:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས18ཉིན། 2013ལོའི་མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཕྲལ་བསྟུན་སྦྱོང་བརྡར་དེ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཧོང་མིན་གྲོང་བརྡལ་ནས་སྤེལ། སྦྱོང་བརྡར་བྱས་ཚར་རྗེས། ཞིང་ཆེན་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་བའི་བཀོད་འདོམས་པུའུ་ཡིས་ད་ལོའི་སྟོན་ཁའི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བ་སྒྲུབ་པར་བཀོད་སྒྲིག་བྱས།

མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་བའི་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཅའོ་ཞའོ་ལུའུ་ཡིས་བཤད་པ་ལྟར་ན། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་ལ་འཕྲལ་བསྟུན་དོ་དམ་བྱེད་པ་ནི་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱིས་རིམ་པ་སོ་སོའི་སྲིད་གཞུང་དང་ཕྱུགས་ལས་ཕྱུགས་ནད་སྨན་བཅོས་སྡེ་ཁག་ལ་གནང་བའི་འགན་འཁྲི་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་གྱི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་བྱ་བའི་བཀོད་འདོམས་པུའུ་ཡིས་ཞིང་ཆེན་རང་བཞིན་གྱི་འཕྲལ་བསྟུན་སྦྱོང་བརྡར་བསྟུད་མར་ཐེངས་བཞི་ལ་བསྒྲུབས་པ་དང་། ས་གནས་སོ་སོས་ཀྱང་གཞི་ཁྱོན་དང་རིམ་པ་མི་གཅིག་པའི་འཕྲལ་བསྟུན་སྦྱོང་བརྡར་བསྒྲུབས། སྦྱོང་བརྡར་བྱས་ནས་མཚོ་སྔོན་ཞིང་ཆེན་ནས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་གློ་བུར་དུ་འབྱུང་བར་དོ་དམ་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་། འཕྲལ་བསྟུན་བྱ་བ་སྒྲུབ་པའི་ནུས་པ་མཐོར་འདེགས་སུ་བཏང་བ། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་ནུས་ཡོད་སྒོས་ཚོད་འཛིན་བྱེད་པར་ནུས་པ་བཟང་བོ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག