མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ཉི་འོད་ནུས་པའི་གློག་འདོན་ཚད་ཆན་ཝ་ཁྲི200ལ་སླེབས་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-09-23 10:38

འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐ་ལ་ཐན་རྩ་ཐང་གི་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་ཡིན།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་ཚོད་འཛིན་ལྟེ་གནས་ནས་རྒྱུས་ལོན་པ་ལྟར་ན། 2013ལོའི་དུས་ཚིགས་གསུམ་པའི་དུས་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་མངའ་ཁོངས་སུ་ཉི་འོད་ནུས་པའི་གློག་འདོན་ས་ཚིགས70ལྷག་གིས་གློག་འདོན་བཞིན་ཡོད་པ་དང་། སྤྱིའི་གློག་འདོན་ཚད་ཆན་ཝ་ཁྲི200ལ་སླེབས་ཡོད།

    མཚོ་སྔོན་གྱི་ཉི་འོད་ནུས་པའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། བྱེ་ཐང་ས་ཁུལ་གྱི་རྒྱ་ཁྱོན་ཆེ་བས་ཉི་འོད་ནུས་པའི་གློག་འདོན་ཐོན་ལས་ལ་ཆ་རྐྱེན་ལེགས་པོ་སྐྲུན་ཡོད། 2009ལོའི་ཚུན་ནས་བཟུང་། ཐོན་ཁུངས་ལེགས་ཆ་དང་སྲིད་གཞུང་གིས་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་པར་བརྟེན། མཚོ་སྔོན་ནི་ཉི་འོད་ནུས་པའི་གློག་འདོན་ཚད་ཇེ་མང་དུ་འགྲོ་བ་ཆེས་མགྱོགས་པའི་ས་ཁུལ་དུ་གྱུར་ཡོད། །

འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐ་ལ་ཐན་རྩ་ཐང་གི་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་ཡིན།

འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐ་ལ་ཐན་རྩ་ཐང་གི་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་ཡིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག