མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ནན་ཁྲིག་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་ལོ་ཡུས་ལིན་དང་མའོ་ཞའོ་པེན་གཉིས་ཚོགས་འདུར་ཞུགས།

རྩོམ་པ་པོ། གཡང་འབུམ་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-23 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ནན་ཁྲིག་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་ཟི་ལིང་ནས་བཞུགས་མོལ་ཚོགས་འདུ་བསྡུས། ཕྱོགས་གཉིས་ཀྱིས་གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་དང་ནུས་ཁུངས་གསར་བ་སོགས་ཐད་ཀྱི་མཉམ་ལས་ལ་དམིགས་ནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་བརྗེ་རེས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་མའོ་ཞའོ་པེན་གཉིས་བཞུགས་མོལ་ཚོགས་འདུར་ཞུགས།

ལོ་ཡུས་ལིན་གྱིས་བསྟན་དོན། མཚོ་སྔོན་དུ་རིགས་སྣ་ཚོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ལྷག་པར་དུ་ཧ་ཡང་དང་ཉི་འོད་ནུས་པ། རླུང་ནུས་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས། ཀྲུང་གོ་ནན་ཁྲིག་མ་རྐང་ཚད་ཡོད་ཀུང་ཟི་ལ་གྲོང་ཁྱེར་གྱི་འགྲིམ་འགྲུལ་དང་ནུས་ཁུངས་གསར་སྤེལ་སོགས་ཐད་ནས་སྔོན་ཐོན་ལག་རྩལ་གྱི་ཆུ་ཚད་ལྡན་པས། ཕྱོགས་གཉིས་ལ་གྲོང་ཁྱེར་གྱི་སྲང་ལམ་འཛུགས་སྐྲུན་དང་ཧ་ཡང་ལས་སྣོན་བྱེད་པ། རླུང་ནུས་གསར་སྤེལ་བྱེད་པ་སོགས་ཀྱི་ཐད་ནས་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ལྡན་ཟེར།

ཀུང་ཟི་དེའི་ཏུང་ཧྲི་ཀྲང་ཀྲིན་ཁྲང་ཧོང་གིས་བསྟན་དོན། ཀྲུང་གོ་ནན་ཁྲིག་མ་རྐང་ཚད་ཡོད་ཀུང་ཟིས་མི་འགྱངས་བར་བྱ་བའི་ཚན་ཆུང་རྩ་འཛུགས་བྱས་ནས་མཚོ་སྔོན་དུ་ཡོང་ནས་བྱ་བ་བསྒྲུབ་མགོ་རྩོམ་རྒྱུ་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་དང་མཉམ་ལས་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་ནས་ཁེ་ལས་རང་སྟེང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་མཉམ་དུ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག