མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་སྡེབ་ཚོང་དང་སིལ་ཚོང་ཚོང་རའི་རིན་གོང་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་འགུལ་སྤེལ་བར་རྩ་འཛུགས་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-23 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་ཐོན་ལད་ཡོད་པའི་སྐབས་སུ། ཚོང་རའི་རིན་གོང་ལྟ་སྐུལ་དོ་དམ་བྱེད་པའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་ཆེར་གཏོང་བ་དང་། ཚོང་རའི་རིན་གོང་སྔར་ལས་ཚད་ལྡན་དུ་གཏོང་བ། རྒྱུན་ལྡན་གྱི་ཚོང་རའི་རིན་གོང་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ། འཛད་སྤྱོད་པ་དང་བདག་གཉེར་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་བཅས་བྱེད་ཆེད། ཞིང་ཆེན་རིན་གོང་སྙོམས་སྒྲིག་ཚོད་འཛིན་བྱ་བའི་གྲོས་ཚོགས་ཐེངས་བཅུ་བཞི་བའི་དགོངས་དོན་ལྟར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་བཟོ་ཚོང་ཅུའུ་དང་ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ལྟ་ཞིབ་ཐིན་བཅས་དང་མཉམ་དུ་ཞིང་ཆེན་ཡོངས་སུ་འབྲུ་རིགས་དང་གཡིས། ཤ། སྒོང་བ། སྔོ་ཚོད། འོ་ཆས་སོགས་འཚོ་བའི་མཁོ་རྫས་གཙོ་ཡིན་པའི་ཞིང་ཞོར་ཐོན་རྫས་སྡེབ་ཚོང་དང་སིལ་ཚོང་ཚོང་རའི་རིན་གོང་ལ་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་འགུལ་སྤེལ་རྒྱུ་རེད།

ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་འགུལ་ལ་ཧ་ཅང་མཐོང་ཆེན་བྱས་པར་མ་ཟད། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་འོག འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཆེད་དོན་བྱ་འགུལ་གྱི་དམིགས་འབེན་དང་ལས་འགན་གཏན་འཁེལ་བྱས་ནས། ལག་ལེན་དུ་བསྟར་ཆོག་པའི་འགུལ་སྐྱོད་འཆར་གཞི་བཀོད་པར་མ་ཟད་བྱ་བའི་རེ་བ་དངོས་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག