མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མིན་ཡོན་ས་འགུལ་ལས་སྡོད་ཁང་བརྒྱ་ལྷག་ལ་གནོད་སྐྱོན་ཐེབས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-23 10:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧེ་རིགས་རང་སྐྱོང་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། སྤྱི་ཟླ9བའི་ཚེས20ཉིན་གྱི་སྔ་དྲོའི་དུས་ཚོད5དང་སྐར་མ37སྟེང་མིན་ཡོན་རྫོང་དང་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་རྫོང་གི་འབྲེལ་མཚམས་སུ་ཚད་རིམ5.1ཅན་གྱི་ས་འགུལ་བྱུང་སྟེ། མིན་ཡོན་རྫོང་གི་མི1ལ་རྨས་སྐྱོན་ཐེབས་པ་དང་ཁྱིམ་ཚང27གྱི་ཁང་མིག135ལ་གནོད་སྐྱོན་ཚབས་ཆེན་ཐེབས།

ས་གནས་འབྲེལ་ཡོད་སྡེ་ཁག་གིས་མཚམས་སྦྱོར་བྱས་པ་ལྟར་ན། ས་འགུལ་གྱི་འགུལ་ལྟེ་དེ་མིན་ཡོན་རྫོང་གི་ཧོང་ཁྲིན་སོག་རིགས་ཤང་དུ་ཡོད་པ་དང་། མིན་ཡོན་རྫོང་མཁར་དང་ཆིན་ཧྲི་ཙེ་གྲོང་རྡལ། ཧོང་ཁྲིན་ཤང་། སུའུ་ཅི་ཐན་ཤང་། པེ་ཧྲན་ཤང་བཅས་ལ་འགུལ་ཚོར་དྲག་པོ་ཡོད། སྤྱི་ཟླ9བའི་ཚེས21ཉིན་གྱི་དུས་ཚོད18བར་དུ། ས་འགུལ་ལས་མི1ལ་རྨས་སྐྱོན་ཕོག་ཤིང་། ཁྱིམ་ཚང27གྱི་ཁང་མིག135ལ་གནོད་སྐྱོན་ཚབས་ཆེན་ཐེབས་ལ། གྱང་ར་མུས1014གནོད་སྐྱོན་ཐེབས། ས་འགུལ་གྱིས་མིན་ཡོན་རྫོང་གི་རོང་འབྲོག་ཁུལ་གྱི་ཁང་རྙིང་བདེ་འཇགས་གནད་དོན་ཇེ་ཆེར་བཏང་སྟེ། ཧོང་ཁྲིན་དང་ཧའོ་མིན་སོགས་ཤང་གྲོང་གི་ཁྱིམ་ཚང772ཀྱི་ཁང་རྙིང་ཁང་མིག3860། ཕྱུགས་བཀོལ་དྲོད་ཁང183ལ་གནོད་སྐྱོན་ཅུང་ཆེན་པོ་བཟོས།

རྒྱུས་ལོན་པ་ལྟར་ན། ས་འགུལ་བྱུང་རྗེས་མིན་ཡོན་རྫོང་གི་འགྲིམ་འགྲུལ་དང་གློག་ཤུགས། བརྡ་འཕྲིན་སྔར་བཞིན་ཤར་གཏོང་བྱེད་ཐུབ་པ་དང་། སློབ་གྲྭ་ཆུང་འབྲིང་སོ་སོའི་སྡོད་ཁང་ཚང་མར་གནོད་སྐྱོན་ཐེབས་མེད་ལ། མངའ་ཁོངས་ཀྱི་གཏེར་ཁུལ་བཟོ་གྲྭ་ཁེ་ལས་དག་གི་མི་སྣ་དང་ཁོར་ཡུག་ལ་གནོད་སྐྱོན་བཟོས་མེད། ས་འགུལ་བྱུང་སའི་མི་ཕྱུགས་དག་བདེ་འཇགས་ཀྱི་ས་ཁུལ་དུ་གནས་སྤར་ཡོད་པ་དང་། འབྲེལ་ཡོད་ཀྱི་རྗེས་མཐུད་བྱ་བ་ད་ལྟ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག