མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཁབ་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་ལས་གཞིའི་ཡུལ་ཤུལ་གྱི་ཕུལ་བྱུང་གླུ་དབྱངས་ལེགས་སྒྲིག་པར་བསྐྲུན་བྱས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-22 11:25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས21ཉིན། ཡུལ་ཤུལ་གྱི་དམངས་གླུ་གཙོར་བྱས་ནས་ལེགས་སྒྲིག་པར་བསྐྲུན་བྱས་པའི«ཡུལ་ཤུལ་གྱི་ཕུལ་བྱུང་གླུ་དབྱངས»ཀྱི་འོད་སྡེར་དངོས་སུ་འགྲེམ་སྤེལ་བྱས། འདི་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིས་ཡུལ་ཤུལ་གྱི་དམངས་གླུ་ལ་རྟོག་ཞིབ་དང་འཚོལ་བསྡུ། སྔོག་འདོན། ལེགས་སྒྲིག པར་བསྐྲུན་བཅས་བྱས་པའི་གྲུབ་འབྲས་ཀྱི་གཅིག་བསྡུས་ཀྱིས་འགྲེམ་སྟོན་ཐེངས་ཤིག་ཡིན་པ་དང་། དེས་ཡུལ་ཤུལ་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོང་བྱ་བའི་ཐད་ནས་བླངས་བའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཀྱང་མཚོན་ཡོད།

ཡུལ་ཤུལ་ནི་ཁམས་པའི་རིག་གནས་ཐོན་ཁུངས་ཀྱིས་ཕྱུག་པའི་ས་ཁུལ་དང་། མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྱད་འཕགས་རང་བཞིན་དང་སྙིགས་མའི་ཁྱད་ཆོས་འབུར་དུ་ཐོན་པའི་ས་ཁུལ་གྲས་ཀྱི་གཅིག་ཀྱང་རེད། ཡིན་ན་ཡང་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་གྱི་ས་འགུལ་གྱིས་ཡུལ་ཤུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལ་གནོད་སྐྱོན་ཆེན་པོ་ཐེབས།

“ནམ་མཁའི་མཛེས་ལྗོངས.རྨི་ལམ་ཁྲོད་ཀྱི་ཡུལ་ཤུལ”ཞེས་བའི་རིག་གནས་ཚོང་རྟགས་གསར་སྐྲུན་བྱེད་པའི་སྤྱི་ཁོག་གི་བསམ་བློའི་བླང་བྱ་གཞིར་བཟུང་ནས། ཡུལ་ཤུལ་ཁུལ་ཏང་ཨུ་དང་ཁུལ་སྲིང་གཞུང་དང་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་རྒྱབ་སྐྱོར་ཆེན་པོའི་འོག། ཡུལ་ཤུལ་གྱི་ཕུལ་བྱུང་གླུ་དབྱངས་དེ་2012ལོའི་ཟླ་དྲུག་པའི་ནང་དངོས་སུ་བཟོ་འགོ་བརྩམས་པ་དང་། འོད་སྡེར་ཆ་ཚང་དགུའི་ཁྲོད་དུ་སྙིགས་མའི་དམངས་ཁྲོད་ཀྱི་རོལ་དབྱངས་གཙོར་བྱས་ནས། ཡུལ་ཤུལ་དམངས་ཁྲོད་ཀྱི་མགྲོན་པོ་བསུ་བའི་གླུ་དང་ཆང་གླུ རི་གླུ་བཅས་བསྡོམས་པས་གླུ་བརྒྱ་དང་བཅོ་ལྔ་སྒྲ་ལེན་བྱས་ཡོད་པ་དང་། ལེན་མཁན་ཚང་མ་ཡུལ་ཤུལ་རང་ས་གནས་ཀྱི་གླུ་བ་གླུ་མ་ཤ་སྟག་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག