མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་ས་ཁུལ་གྱིས་རྨང་གཞིའི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱས་ནས། སྟོབས་ཤུགས་ཡོད་དགུས་མཁར་གྲོང་གཙོ་བོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-22 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་ཤར་ཕྱོགས་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དང་བཀོད་སྒྲིག ལོ་གསུམ་གྱི་ནང་ཐོག་མའི་གྲོང་ཁྱེར་གྱི་རྣམ་པ་ཆགས་པར་བྱེད་པ། ལོ་ལྔའི་ནང་གྲོང་ཁྱེར་གྱི་ནུས་པ་ལྡན་པར་བྱེད་པའི་སྤྱིའི་རེ་བ་ལྟར། བྱ་བ་གཙོ་བོ་གནད་ཆེ་སར་བཞག་སྟེ། ལས་གཞི་བརྩོན་ལེན་དང་མ་དངུལ་གྱི་ཤུགས་ཚད་ཇེ་ཆེར་བཏང་ནས། མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱས་ཏེ། སྟོབས་ཤུགས་ཡོད་དགུས་མཁར་གྲོང་གཙོ་བོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

མཚོ་ཤར་གྲོང་ཁྱེར་གྱིས་ཚད་མཐོན་པོས་ཇུས་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ལོ་ཏུའུ་དང་ཕེན་ཨན་གཉིས་མཉམ་དུ་ཇུས་འགོད་དང་མཉམ་དུ་འཛུགས་སྐྲུན་བྱེད་པ། མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་བསམ་ཕྱོགས་ལྟར། མཚོ་ཤར་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇུས་གཞི་དང་། ས་ཁུལ་གཙོ་བོའི་ཇུས་གཞི། ལོ་ཏུའུ་དང་ཕེན་ཨན་གྱི་མཁར་གྲོང་གསར་བའི་ཇུས་གཞི་སོགས་མྱུར་དུ་འགོད་པ་དང་ཞིབ་བཤེར་བྱས་པར་མ་ཟད། གྲོང་ཁྱེར་གྱི་རྣམ་པ་དང་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པ་དང་། གྲོང་ཁྱེར་གྱི་སྒྲིག་ཆས་ཇུས་འགོད་བྱེད་པའི་ཚད་གཞི་མཐོར་འདེགས་སུ་བཏང་སྟེ། «མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཁྱེར་རྣམ་པའི་ཁྱད་ཆོས»དང་། «མཚོ་ཤར་གྲོང་ཁྱེར་གྱི་སྒྲིག་ཆས་འཛུགས་སྐྲུན་གྱི་ཚད་གཞི»ཇུས་འགོད་བྱས་ཏེ། གྲོང་ཁྱེར་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་ལོ་བརྒྱའི་འཕེལ་རྒྱས་ལ་རྨང་གཞི་བཏིངས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག