མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྡོ་རྗེ་མཁར་ལ་དཔའ་ངལ་ཞུམ་མེད་ཀྱི་ཕུལ་བྱུང་ན་གཞོན་གྱི་མཚན་སྙན་གནང་བ།

རྩོམ་པ་པོ། ལོ་ཙཱ་བ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།  2013-09-20 11:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རིགས་ན་གཞོན་རྡོ་རྗེ་མཁར་གྱིས་རྒྱ་རིགས་བུ་མོའི་སྲོག་སྐྱོབ་ཆེད་རང་སྲོག་བློས་བཏང་བའི་དོན་དག་བྱུང་རྗེས། རིམ་པ་སོ་སོའི་མགོ་ཁྲིད་སྡེ་ཁག་གིས་གྲོས་ཚོགས་བསྡུས་ནས་ཞིབ་འཇུག་བྱས་ཏེ། འདས་རྗེས་ཀྱི་བྱ་བ་ཧུར་ཐག་གིས་སྤེལ། ཟླ9བའི་ཚེས17ཉིན། ཀྲུང་གོ་རྡོ་སྣམ་སྡེ་ཚོགས་ཅང་ཧྭན་རྡོ་སྣུམ་དོ་དམ་ཅུའུ་ལས་བཟོ་བའི་གསོ་སྦྱོང་ལྟེ་གནས་ཀྱི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གིས་རྡོ་རྗེ་མཁར་ལ་ཕུལ་བྱུང་ན་གཞོན་གྱི་མཚན་སྙན་གནང་བ་དང་། རྗེས་ཕྱོགས་ཀྱི་འབྲེལ་ཡོད་བྱ་བ་ཡང་སྤེལ་མགོ་བརྩམས།

དོན་དག་བྱུང་རྗེས། ཅང་ཧྭན་རྡོ་སྣུམ་མཐོ་རིམ་ལག་རྩལ་པའི་སློབ་གྲྭའི་མགོ་ཁྲིད་ཁོངས་མི་དུས་ལྟར་ཡུལ་དངོས་སུ་སོང་ནས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། དུས་ལྟར་རྗེས་ཕྱོགས་ཀྱི་བྱ་བར་མཐུན་སྦྱོར་དང་བཀོད་སྒྲིག་བྱས་པ་དང་། མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ཡིས་རྡོ་རྗེ་མཁར་གྱི་བྱས་རྗེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་ལ་ཡར་ཞུ་བྱེད་རྒྱུ་ཡིན་པ་དང་། འབྲེལ་ཡོད་མགོ་ཁྲིད་ཀྱིས་དུས་ལྟར་གྲོས་ཚོགས་བསྡུས་ནས་ཞིབ་འཇུག་བྱས་མཐར། སློབ་གསོ་སྡེ་ཁག་གི་ལས་བཟོ་བ་བཀོད་སྒྲིག་བྱས་ཏེ་རྡོ་རྗེ་མཁར་གྱི་ཁྱིམ་མི་ཁྲིད་ནས་ཝུའུ་ཧན་ལ་འདས་རྗེས་ཀྱི་བྱ་བ་བསྒྲུབ་པར་མངགས། དེ་དང་མཉམ་དུ། ཅང་ཧྭན་རྡོ་སྣུམ་མཐོ་རིམ་ལག་རྩལ་པའི་སློབ་གྲྭས་ཀྱང་རྡོ་རྗེ་མཁར་ལ་སློབ་སྦྱོང་བྱེད་པའི་གྲོས་གཞིའི་ཡི་གེ་སྤེལ་ནས། ཁོའི་དཔའ་ངར་ཞུམ་མེད་དང་རང་སྲོག་བློས་བཏང་བའི་བླ་མེད་བྱ་སྤྱོད་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག