མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གནམ་གཤིས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། ལོ་ཙཱ་བ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-20 11:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གནམ་གཤིས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་དང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན་བཅས་ལས་ཁུངས་ཀྱི་གནས་ཚུལ་ཡར་ཞུར་ཉན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཝུན་ཧུའུ་ཡིས་གྲོས་ཚོགས་སྟེང་གཏམ་བཤད།

ཚའོ་ཝུན་ཧུའུ་ཡིས་བཤད་རྒྱུར། གནམ་གཤིས་ལས་དོན་ནི་ཚན་རིག་ཅན་དང་རྨང་གཞི་ཅན་གྱི་སྤྱི་ཕན་ལས་དོན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བར་ནུས་པ་ཆེན་པོ་ལྡན། ཁྲིམས་ལྟར་གནམ་གཤིས་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། གནམ་གཤིས་གནོད་འཚེ་ནུས་ཡོད་སྒོས་སྔོན་འགོག་བྱེད་པ་དང་ཇེ་ཉུང་དུ་གཏོང་བ། གནམ་གཤིས་བྱ་བས་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་རྒྱུ་ནི་གནམ་གཤིས་ལས་ཁུངས་ཀྱི་འགན་འཁྲི་ཡིན་ལ། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ལས་ཁུངས་ཤིག་ཀྱང་ཡིན་པས། གནམ་གཤིས་བཅའ་ཁྲིམས་ལག་བསྟར་བྱེད་པ་དང་། གནམ་གཤིས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཐེངས་འདིའི་ཁྲིམས་འཛིན་ཞིབ་བཤེར་བྱ་བས་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་བྱེད་པ་དང་གནམ་གཤིས་ཐོན་ཁུངས་གསར་སྤེལ་དང་བཀོལ་སྤྱོད་བྱེད་པའི་འབྲེལ་ཡོད་ཁྲིམས་ལུགས་དང་ལམ་ལུགས་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་དང་། གནམ་གཤིས་བཅའ་ཁྲིམས་སྐོར་གྱི་ཆ་ཚང་ཁྲིམས་སྲོལ་གཏན་འཁེལ་བྱེད་པའི་གནས་ཚུལ། གཞི་རིམ་གྱི་གནམ་གཤིས་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བ། སྤྱི་པའི་གནམ་གཤིས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པའི་གནས་ཚུལ་སོགས་ལ་དམིགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་ལས་དོན་འཕེལ་རྒྱས་སུ་གཏོང་བར་ཚོད་འཛིན་བྱེད་པའི་གནད་དོན་གཙོ་བོ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག