མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་སློབ་སྔོན་སློབ་གསོའི་སློབ་སྒྲུབ་གནས་ཚུལ་ལ་ཞིབ་བཤེར་ཆེན་པོ་བྱེད་དགོས་པའི་བརྡ་ཐོ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-20 11:33

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་སློབ་སྔོན་སློབ་གསོའི་སློབ་སྒྲུབ་བྱ་བ་སྔར་ལས་ཚད་ལྡན་དུ་གཏོང་ཆེད། ཉེ་ལམ། ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཡོངས་སུ་སློབ་སྔོན་སློབ་གསོའི་སློབ་སྒྲུབ་གནས་ཚུལ་ལ་ཞིབ་བཤེར་ཆེན་པོ་བྱེད་དགོས་པའི་བརྡ་ཐོ་བཏང་།

མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་ལས་ཁུངས་ཀྱིས་སློབ་གསོ་པུའུ་ཡིས་འགྲེམ་སྤེལ་བྱས་པའི«བྱིས་པ་ཁང་དོ་དམ་སྲོལ་ཡིག»དང་། «བྱིས་པ་ཁང་གི་བྱ་བའི་སྒྲིག་ལམ»། «མཚོ་སྔོན་ཞིང་ཆེན་གྱི་བྱིས་པ་ཁང་གི་གཞི་རྩའི་སློབ་སྒྲུབ་ཚད་གཞི»བཅས་གཞིར་བཟུང་སྟེ། གཞུང་བཙུགས་དང་དམངས་བཙུགས་བྱིས་པ་ཁང་དང་། སློབ་གྲྭ་འབྲིང་ཆུང་གི་ཟུར་གཏོགས་པའི་བྱིས་པ་ཁང་སོགས་བྱིས་པའི་སློབ་གསོ་ལས་ཁུངས་སྣ་ཚོགས་ལ་ཞིབ་བཤེར་བྱེད་རྒྱུ་མ་ཟད། བྱིས་པའི་སློབ་གསོ་ལས་ཁུངས་ཀྱི་སློབ་སྒྲུབ་སྤུས་ཚད་དང་། འཚོ་བའི་སྒྲིག་ཆས། སློབ་ཁྲིད་ཡོ་བྱད། བཟའ་བཏུང་དང་འཕྲོད་བསྟེན་བདེ་སྲུང་། སློབ་གྲྭའི་རླངས་འཁོར་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་རེད། ཞིབ་བཤེར་བྱས་པ་བརྒྱུད་དེ་སློབ་སྒྲུབ་ཆ་རྐྱེན་ཚད་ལྡན་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་སློབ་སྔོན་སློབ་གསོ་ལས་དོན་ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་རྒྱུ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག