མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་མུན་ཡོན་རྫོང་དུ་ཚད་རིམ་ལྔ་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་བ།

རྩོམ་པ་པོ། ལོ་ཙཱ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-20 11:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ9པའི་ཚེས20ཉིན་གྱི་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་སོ་བདུན་སྟེང་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་དང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་འབྲེལ་མཚམས་སུ་ཚད་རིམ་ལྔ་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་དུ་ད་ལྟ་ད་དུང་མི་ལ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པའི་གནས་ཚུལ་ཅི་ཡང་འབྱོར་མེད། མིན་ཡོན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྥུན་ཞིག་དབྱིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ས་འགུལ་བྱུང་བའི་སྐབས་དེ་ཏག་ཏག་ནམ་ལངས་ཁ་ཡིན་པས། མི་མང་པོ་གཉིད་ལས་དཀྲོགས། མིན་ཡོན་རྫོང་མཁར་གྱི་མི་མང་པོ་རྫོང་མཁར་གྱི་ཐང་ཆེན་དུ་བྲོས་ནས་ཉེན་ཞོལ་བྱས། རྒྱུས་ལོན་རག་ཙམ་བྱུང་བ་ལྟར་ན། རྫོང་མཁར་དུ་ཁང་བ་གཅིག་ཀྱང་བརྡིབ་མེད་ལ། མི་ལའང་ཤི་རྨས་ཐེབས་མེད། ཞང་དང་གྲོང་བརྡལ་ཁག་གིས་ས་འགུལ་ལས་གནོད་པ་ཐེབས་པའི་གནས་ཚུལ་སྡོམ་རྩིས་བྱེད་ཀྱིན་ཡོད་ཟེར།

མིན་ཡོན་རྫོང་མཁར་ནས་ཧ་ལམ་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཡོད་པའི་མཚོ་སྔོན་ཞིང་ཆེན་ཆགས་སའི་ཟི་ལིང་གྲོང་ཁྱེར་དུ་ས་འགུལ་གྱི་ཚོར་བ་དྲག་པོ་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག