མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཧུང་གིས་འཐུས་མིའི་གྲོས་གཞི་གཙོ་བོ་ཐག་གཅོད་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-20 11:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཧུང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་འཐུས་མིའི་གྲོས་གཞི་གཙོ་བོ་ཐག་གཅོད་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས།

ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། ཚའོ་ཧུང་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་སྣ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་ཐག་བཅད་པའི་གནས་ཚུལ་སྐོར་གྱི་ཡར་ཞུར་ཉན། འཐུས་མི་རྣམས་ཀྱིས་བལྟས་ན། གྲོས་གཞི་ཐག་གཅོད་པའི་ལས་འགན་དེང་ལེན་བྱས་པའི་ལས་ཁུངས་ཀྱིས་འཐུས་མིའི་གྲོས་གཞི་ཐག་གཅོད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་ནས། འཐུས་མིའི་གྲོས་གཞི་ཐག་གཅོད་བྱེད་རྒྱུ་དེ་རང་རྟོགས་སྒོས་དམངས་ཆེན་གྱི་ལྟ་སྐུལ་ལ་དེང་ལེན་བྱེད་པ་དང་། བྱ་བ་ཇེ་ལེགས་སུ་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་ཏུ་བརྩིས་ནས། མགོ་ཁྲིད་ཀྱིས་གྲོས་གཞི་ཐག་གཅོད་བྱ་བར་དངོས་ས་བཀོད་སྒྲིག་བྱེད་པ་དང་། བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ནུས་ལྡན་བྱེད་ཐབས་བེད་སྤྱོད་བྱས་ཏེ། མང་ཚོགས་ཀྱིས་ཐག་གཅོད་པར་རེ་སྒུག་བྱེད་བཞིན་པའི་གནད་དོན་ཁ་ཤས་ཐག་གཅོད་བྱས་པས། འཐུས་མི་རྣམས་ཀྱི་གཟེངས་བསྟོད་ཐོབ་ཡོད་ཟེར། དེ་དང་མཉམ་དུ་གྲོས་གཞི་ཐག་གཅོད་བྱེད་པའི་ལས་ཁུངས་ཀྱིས་བྱ་བའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གྲོས་གཞི་ཐག་གཅོད་བཟང་བོ་བྱེད་པའི་ཐད་ལ་གྲོས་གཞི་བཏོན།

ཚའོ་ཧུང་གིས་ནན་གྱིས་བཤད་རྒྱུར། གྲོས་གཞི་ཐག་གཅོད་བྱེད་པའི་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་བར་གྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། འཐུས་མིའི་བར་གྱི་འབྲེལ་འདྲིས་ཇེ་དམ་དུ་བཏང་སྟེ། འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བཟང་བོ་བྱས་ནས། འཐུས་མི་རྣམས་ཡིད་ཚིམ་པ་དང་མང་ཚོགས་ཡིད་ཚིམ་པར་བྱེད་དགོས་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག