མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་རྟོག་ཞིབ་ཚན་ཆུང་མཚོ་སྔོན་དུ་ཡོང་སྟེ་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

    2013-09-19 10:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དབྱིན་ཀྲུང་ཆིན་གྱིས་ཁྲིད་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་རྟོག་ཞིབ་ཚན་ཆུང་གིས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ནས་མཚོ་སྔོན་དུ་རྟོག་ཞིབ་བྱས།

མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུར་ཉན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་རིག་གནས་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོབ། ཁྱད་སྟོབས་ཐོན་ལས་བཅས་ཐད་ལ་དམིགས་ཏེ། སྔ་གཞུག་ཏུ་ཞིང་ཆེན་བོད་སྨན་རྟེན་མཛོད་ཁང་དང་། མཚོ་སྔོན་བོད་ལུག་སྡེ་ཚོགས། མཚོ་སྔོན་པོ། རྨ་ཆུ་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་ཟི་སོགས་ལ་སོང་སྟེ་ཡུལ་དངོས་སུ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་སྐོར་ཐེངས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པའི་གོ་སྐབས་སྔར་ལས་དམ་འཛིན་བྱས་ནས། དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་དང་རང་བདག་གསར་སྐྲུན་བྱེད་པར་ཤུགས་བསྣན་ཏེ། ཁྱད་ཆོས་དང་ཁྱད་སྟོབས་ཐོན་ལས་ཧུར་ཐག་སྒོས་སྐྱེད་སྲིང་བྱེད་དགོས་པར་མ་ཟད། སྟོབས་ཤུགས་ཡོད་རྒུས་མཐོ་སྒང་ཁྱད་ཆོས་ཀྱི་ཞིང་ཕྱུགས་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས། དེང་རབས་ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་སུ་གཏོང་བ་དང་། དེང་རབས་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ནས། མཚོ་སྔོན་གྱི་ཐོན་ཁུངས་དང་ཁྱད་སྟོབས་དེ་དཔལ་འབྱོར་གྱི་ཁྱད་སྟོབས་སུ་བསྒྱུར་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག