མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སུང་ཞིག་ཡན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་བྱ་བར་རྟོག་ཞིབ་བྱས་པ།

    2013-09-19 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་བཞི་ཉིན་ནས་བཅུ་བདུན་ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་སུང་ཞིག་ཡན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས། སུང་ཞིག་ཡན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་དང་མཉམ་དུ་ལོ་ཏུའུ་དང་ཧེ་ཡན་སོགས་ས་ཁུལ་གྱི་སློབ་སྔོན་སློབ་གསོ་སྤེལ་ས་དང་། ཞིང་སྡེའི་སློབ་གྲྭར་སོང་སྟེ་བྱིས་པའི་སློབ་སྔོན་སློབ་གསོའི་འཕེལ་རྒྱས་ལས་གཞི་དང་འཚོ་བཅུད་ལེགས་བཅོས་འཆར་འགོད་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། སུང་ཞིག་ཡན་གྱིས་ལིག་ཡན་ཏུང་གི་ཚབ་བྱས་ཏེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་སོང་སྟེ། ཁུལ་མི་དམངས་སྨན་ཁང་དང་ཁུལ་དར་དམར་སློབ་ཆུང་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས།

སུང་ཞིག་ཡན་གྱིས་བཤད་རྒྱུར། ད་ལྟ་ཡུལ་ཤུལ་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། སྤྱི་པའི་ཞབས་ཞུའི་སྒྲིག་ཆས་ཇེ་ལེགས་སུ་བཏང་བ་། གྲོང་བརྡལ་གྱི་རྨང་གཞིའི་སྒྲིག་ཆས་མངོན་གསལ་སྒོས་ཇེ་ལེགས་སུ་བཏང་བས། ས་དེའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་མུ་མཐུད་དུ་རང་ཉིད་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཁྲོད་བསགས་པའི་ཉམས་མྱོང་རྒྱུན་འཛིན་བྱས་ནས། བུད་མེད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་དེ་བུད་མེད་བྱ་བའི་རྨང་གཞི་ཞིག་ཏུ་བརྩིས་ནས་དམ་འཛིན་དང་ལེགས་འཛིན་བྱེད་དགོས་པའི་རེ་བ་བཏོན།

སུང་ཞིག་ཡན་གྱིས་ད་རུང་ཡུལ་ཤུལ་བྱིས་པའི་རོལ་རྩེད་ཁང་དང་ཁྲ་འགུ་སྡེ་བའི་བུད་མེད་བྱ་འགུལ་སྤེལ་ས། ཡུལ་ཤུལ་རྫོང་བུ་བཅོལ་ཁང་གསུམ་པ་བཅས་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། བུ་བཅོལ་ཁང་གི་དགེ་རྒན་དང་བྱིས་པ་རྣམས་ལ་བརྩེ་བའི་འཚམས་འདྲི་བྱས་པར་མ་ཟད། ཁུལ་དང་རྫོང་། ཞང་སྡེ་བཅས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་བརྗེ་རེས་བྱས། སུང་ཞིག་ཡན་གྱིས་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིབ་འཇུག་བྱ་བ་མང་པོ་བསྒྲུབས་ནས། སློབ་སྔོན་སློབ་གསོའི་ཆོས་ཉིད་སྤྱི་སྡོམ་བྱེད་པ་དང་། བྱིས་པ་འཚར་ལོངས་འབྱུང་བར་ཕན་པ་ཡོད་པའི་སློབ་གསོའི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་པའི་རེ་བ་བཏོན།

རྟོག་ཞིབ་བྱེད་སྐབས། སུང་ཞིག་ཡན་གྱིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲིན་ཡོ་ཡོའི་ཚབ་བྱས་ཏེ་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་སུ་སོང་སྟེ། ལས་བྱེད་པ་དང་ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། ཞིང་ཆེན་བུད་མེད་ལས་སྤེལ་ལས་ཞུགས་ཕྱོགས་བསྡུས་ཞབས་ཞུའི་ཚོམས་ཁང་དང་ཞིང་ཆེན་ཁྱིམ་ལས་ཞབས་ཞུ་ལས་རིགས་དངོས་སྦྱོང་རྟེན་གཞིར་རྟོག་ཞིབ་བྱས། ཁོ་མོས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་སྤེལ་དང་ལས་ཞུགས་བུད་མེད་ལ་ཞབས་འདེགས་བཟང་བོ་ཞུ་བ་དང་། བུད་མེད་ཀྱི་ལག་རྩལ་གསོ་སྦྱོང་བྱ་བར་ཤུགས་བསྣན་ཏེ། ལས་ཞུགས་ལས་སྤེལ་གྱི་ནུས་པ་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་དང་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག