མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དབྱང་ཞུང་ཨེ་དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ཆེན་མོར་བསྐོས་པ།

    2013-09-19 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གིས་བཀའ་ཁྱབ་ཁྱབ་བསྒྲགས་བྱེད་པའི་ཚོགས་ཆེན་བསྡུས། དྲག་ཆས་ཉེན་རྟོག་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་ཀྲང་རོས་ཆིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ཆེན་མོ་སུང་པའོ་ཧྲན་དྲག་ཆས་ཉེན་རྟོག་དམག་དཔུང་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ཆེན་མོ་དང་། དྲག་ཆས་ཉེན་རྟོག་དམག་དཔུང8680དམག་དཔུང་གི་མགོ་གཙོ་དབྱང་ཞུང་ཨེ་དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ཆེན་མོ། དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་ཧྲའོ་ཅན་ཧྭ་དྲག་ཆས་ཉེན་རྟོག་བཀོད་འདོམས་སློབ་གླིང་ཆབ་སྲིད་པུའུ་ཡི་ཀྲུའུ་རིན། དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་གཞོན་པ་ཀྲིག་ཡུང་ཏེ་སྤྱི་ཁྱབ་རུ་ཁག་དེའི་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་བཅས་ལ་བསྐོས་པའི་བཀའ་ཁྱབ་བསྒྲགས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་དང་། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་། དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་དང་པོ། ཏང་ཨུའི་ཧྲུའུ་ཅི་དང་པོ་ལིག་ཀྲི་ཆང་གཉིས་ཚོགས་ཆེན་ལ་ཞུགས། དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཞའོ་ཡང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས། ཀྲང་རོས་ཆིན་དང་ཀྲང་ཀོང་རོང་གཉིས་ཀྱིས་དྲག་ཆས་ཉེན་རྟོག་དམག་དཔུང་ཏང་ཨུ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གཏམ་བཤད། ཁོ་ཚོས་དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག