མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སུའུ་ཉིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ཀྲུང་གོར་སྡོད་པའི་འཐུས་མི་མེ་ཅིས་ལེན་ལ་ཐུག་འཕྲད་བྱས་པ།

རྩོམ་པ་པོ། གཡང་འབུམ་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-18 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཐེབས་རྩ་ཚོགས་པའི་ཀྲུང་གོར་སྡོད་པའི་འཐུས་མི་མེ་ཅིས་ལེན་སོགས་ལ་ཐུག་འཕྲད་བྱས།

སུའུ་ཉིན་གྱིས་བཤད་རྒྱུར། དུས་ཡུན་རིང་བོར་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་འཛམ་གླིང་ཡོངས་ཀྱི་བྱིས་པའི་འཚོ་གཞེས་དང་སྲུང་སྐྱོབ། འཕེལ་རྒྱས་བཅས་ཀྱི་ཐད་ལ་འབད་བརྩོན་ཆེན་པོ་བྱས། 1986ལོར། མཚོ་སྔོན་ཞིང་ཆེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་དང་ལེན་བྱས་ནས། འཕྲོད་བསྟེན་དང་སློབ་གསོ། སྤྱི་ཚོགས་རོགས་སྐྱོར་སོགས་ཁྱབ་ཁོངས་ནས་ཕན་འབྲས་ལྡན་པའི་མཉམ་ལས་བྱས་པ་དང་། ལྷག་པར་དུ་ལས་གཞིའི་ས་ཁུལ་གྱི་སློབ་གསོ་དང་འཕྲོད་བསྟེན། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན། ཐེབས་རྩ་ཚོགས་པས་ཐེངས་འདིར་མཚོ་སྔོན་ལ་འཚམས་འདྲི་བྱས་པ་བརྒྱུད་ནས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་མཛའ་མཐུན་གྲོགས་པོའི་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་སྲུང་འཛིན་བྱེད་པ་དང་། སྔར་ལས་ཆེ་བའི་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ཐད་ཤུགས་སྣོན་བྱས་ནས། མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།

མེ་ཅིས་ལེན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་དུས་ཡུན་རིང་བོར་བྱིས་པའི་ཐེབས་རྩའི་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ། མཚོ་སྔོན་ཞིང་ཆེན་གྱིས་བུད་མེད་དང་བྱིས་པའི་ལས་དོན་ཐད་ནས་གྲུབ་འབྲས་འདི་འདྲ་བཟང་བོ་ཞིག་བླངས་ཡོད་པ་དང་། ལྷག་པར་དུ་དེའི་ཐད་ནས་བསྒྲུབས་པའི་འབྲེལ་ཡོད་བྱ་བ་སྐོར་ཞིག་གིས་རྒྱལ་ནང་གི་ཞིང་ཆེན་སྐོར་ཞིག་ལ་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ཧ་ཅང་བཟང་བོ་ཐོན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག