མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་གྱི་མཐུན་སྦྱོར་བཀོད་སྒྲིག་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-18 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་ལས་བྱེད་པ་ཁྲི་ལྷག་གཞི་རིམ་ལ་སྐྱོད་པའི་བྱ་འགུལ་གྱི་མཐུན་སྦྱོར་བཀོད་སྒྲིག་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ལིན་ཅོན་གྲོས་ཚོགས་སུ་ཞུགས།

ཚོགས་ཐོག་ནས་ལས་བྱེད་པ་དགོན་པར་སྐྱོད་པའི་བྱ་འགུལ་གྱི་བྱ་བ་བསྒྲུབས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད། ལས་བྱེད་པ་ཞིང་སྡེ་དང་རོང་འབྲོག་ཕྱོགས། སྡོད་ཁུལ། ཁེ་ལས། སློབ་གྲྭ་བཅས་སུ་སྐྱོད་པའི་ལག་བསྟར་འཆར་གཞི་དང་། གཞི་རིམ་ལ་མངག་པའི་ལས་བྱེད་པའི་དོ་དམ་བྱེད་ཐབས་ལ་གྲོས་ཞིབ་བྱས་ཏེ། ལག་བསྟར་བྱ་བ་སྒྲུབ་མགོ་རྩོམ་པར་བཀོད་སྒྲིག་བྱས།

ཝང་ལིན་ཅོན་གྱིས་བཤད་རྒྱུར། ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་ཞེས་པ་ནི་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ལག་ལེན་བྱ་འགུལ་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ནུས་ལྡན་བྱེད་ཐབས་ཤིག་ཡིན་པར་མ་ཟད། ལས་བྱེད་པ་སྐྱེད་སྲིང་དང་སྦྱོང་བརྡར་བྱེད་པའི་གོ་སྐབས་གཙོ་བོ་ཞིག་ཡིན་ལ། མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་བ་དང་། གནད་དོན་གཙོ་བོ་ཐག་གཅོད་པའི་ནུས་ལྡན་བྱེད་ཐབས་ཤིག་ཀྱང་ཡིན་པས། འབྲེལ་ཡོད་ལས་ཁུངས་སོ་སོས་དེར་ཧ་ཅང་མཐོང་ཆེན་བྱས་ནས། ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ་དང་། དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ཏེ། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཏང་ཨུས་བཀོད་སྒྲིག་བྱས་པའི་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ཝང་ལིན་ཅོན་གྱིས་ནན་གྱིས་བཤད་རྒྱུར། ལས་ཁུངས་སོ་སོས་ལས་བྱེད་པ་མངག་པའི་ལས་འགན་མྱུར་དུ་བསྒྲུབ་དགོས་པ་དང་། གཞི་རིམ་ལ་མངག་པའི་ལས་བྱེད་པར་སྐུལ་སློང་དང་གསོ་སྦྱོང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་སྟེ། འབྲེལ་ཡོད་ལས་འགན་བཀོད་སྒྲིག་བཟང་བོ་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག