མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཱ་ཝེ་ཡིས་མཚོ་ནུབ་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ཁྱིམ་ཐོའི་དོ་དམ་ལམ་ལུགས་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-18 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་ཆེད་དོན་རྟོག་ཞིབ་ཚན་ཆུང་ཁྲིད་དེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གཏེར་ལེན་ཁ་དང་ན་གོར་མོ། ཏུའུ་ལན་བཅས་གྲོང་ཁྱེར་དང་རྫོང་། ནོ་མུའུ་ཧུང་ཞིང་ར་བཅས་སུ་སོང་སྟེ། སྡེ་མིའི་འཐུས་མི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བསམ་འཆར་ལ་ཉན་པ་དང་། ཁྱིམ་ཚང་ལ་འཚམས་འདྲི་བྱེད་པ། ཡུལ་དངོས་སུ་རྟོག་ཞིབ་བྱེད་པ་བཅས་ཀྱི་བྱེད་ཐབས་བརྒྱུད་དེ། ཁྱིམ་ཐོའི་དོ་དམ་ལམ་ལུགས་བཅོས་བསྒྱུར་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

མཱ་ཝེ་ཡིས་མཚོ་ནུབ་ཁུལ་དང་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་གིས་ཁྱིམ་ཐོའི་དོ་དམ་ལམ་ལུགས་བཅོས་བསྒྱུར་བྱ་བའི་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། གནས་པའི་དཀའ་ཁག་དང་གནད་དོན་ལ་དབྱེ་ཞིབ་བྱས་ནས། ཁྱིམ་ཐོའི་དོ་དམ་ལམ་ལུགས་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་མཛུབ་སྟོན་བསམ་འཆར་བཏོན།

མཱ་ཝེ་ཡིས་ནན་གྱིས་བཤད་རྒྱུར། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཁྱིམ་ཐོའི་དོ་དམ་ལམ་ལུགས་བཅོས་བསྒྱུར་བྱ་བའི་སྐོར་གྱི་འཐབ་ཇུས་དང་བཀོད་སྒྲིག་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་པ་དང་། ཁྱིམ་ཐོའི་དོ་དམ་ལམ་ལུགས་བཅོས་བསྒྱུར་བྱ་བའི་ཡང་དག་པའི་ཁ་ཕྱོགས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ནས། སྲིད་ཇུས་ཀྱི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། གྲོང་རྡལ་ཅན་དུ་བསྒྱུར་བའི་ཆོས་ཉིད་ལྟར། མི་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་རེ་འདུན་ལ་བརྩི་འཇོག་བྱས་ནས། ཁྱིམ་ཐོའི་དོ་དམ་ལམ་ལུགས་བཅོས་བསྒྱུར་བྱ་བ་ཧུར་ཐག་སྒོས་བཟང་བོར་སྒྲུབ་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག