མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་དཀའ་ཁག་ཆེ་བའི་སློབ་མ་ལྔ་བཅུ་ལ་རོགས་སྐྱོར་ཐོབ་པ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-18 10:02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་ཀྲུང་གོའི་ཐོ་བཀོད་ཁྲལ་དོན་པའི་སེམས་མཐུན་ཞབས་ཞུ་ཚོགས་པ་དང་། ལོང་ཉིས་ཐའེ་ཁྲལ་དོན་པའི་དོན་སྒྲུབ་ཁང“སེམས་མཐུན”སློབ་རོགས་ཚོགས་པའི་དང་བླངས་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་དགུ་གྲོང་རྡལ་ལ་སོང་ནས། དེར་ཡོད་པའི་དཀའ་ཁག་ཆེ་བའི་སློབ་མ་ལྔ་བཅུ་ལ་མི་རེར་སྒོར་སྟོང་བཞིའི་རོགས་སྐྱོར་བྱས། བསྡོམས་པས་སྒོར་འབུམ་གཉིས་བྱིན་ཏེ་ཁོ་ཚོའི་སློབ་ཞུགས་ལ་ཁག་ཐེག་བྱས།

ཀྲུང་གོའི་ཐོ་འགོད་ཁྲལ་དོན་པའི་སེམས་མཐུན་ཞབས་ཞུ་ཚོགས་པ་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་འཐད་པ་བྱུང་བ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡིས་ཆོག་མཆན་བཀོད་དེ་བཙུགས་པའི་སྤྱི་ཕན་རང་བཞིན་གྱི་རྩ་འཛུགས་ཤིག་ཡིན།

སེམས་མཐུན་ཞབས་ཞུ་ཚོགས་པའི་ཚོགས་གཙོ་ཆོན་ཧྥང་ལུག་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིར་སེམས་མཐུན་སློབ་རོགས་ཚོགས་པ་ཡུས་ཧྲུའུ་དུ་བསྐྱོད་པ་ནི་ཀྲུང་གོའི་ཐོ་འགོད་ཁྲལ་དོན་པའི་སེམས་མཐུན་ཞབས་ཞུ་ཚོགས་པ་བཙུགས་རྗེས་རྩ་འཛུགས་བྱས་པའི་བྱ་འགུལ་ཐེངས་དང་པོ་ཡིན་ལ། དང་བླངས་པ་རེ་རེར་མཚོན་ནས་བཤད་ན་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་གྱི་ལག་ལེན་གལ་ཆེན་ཞིག་ཡིན། ལོ་གསུམ་གྱི་སྔོན་ལ་ཡུས་ཧྲུའུ་ལ་ས་འགུལ་བྱུང་རྗེས་ལོང་ཉེས་ཐའེ་ཁྲལ་དོན་པའི་དོན་སྒྲུབ་ཁང་གིས་མ་དངུལ་སྒོར་འབུམ་དྲུག་བསྡུས་ནས་དུས་ལྟར་ཡུལ་ཤུལ་གྱི་དྭ་ཕྲུག་དང་དཀའ་ཁག་ཆེ་བའི་སློབ་མར་རོགས་སྐྱོར་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག