མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི2500བཏང་ནས་མཚོ་སྔོན་གྱི་རིག་གནས་རང་བྱུང་ཤུལ་བཞག་ལས་གཞི་ལ་རོགས་སྐྱོར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-18 10:02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་རིག་གནས་རང་བྱུང་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། མཚོ་སྔོན་གྱི་རིག་གནས་ཤུལ་བཞག་གི་ཆས་རྟགས་སྣང་བརྙན་མཐོར་འདེགས་སུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཧུར་བརྩོན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་ཁྲི2500བརྩོན་ལེན་བྱས་ཏེ། ན་གོར་མོ་ཁུ་ནུ་རི་བོའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་། ཁྲི་ཀའི་ཡུལ་ལྷ་ལྷ་ཁང་དང་བརྒྱ་བྱིན་ཕོ་བྲང་། ལིག་ཝན་ཤུལ་བཞག ཆུ་བཟང་དགོན་པ་བཅས་སྲུང་སྐྱོང་དང་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞི4ལ་རོགས་སྐྱོར་བྱས། ལས་གཞི་འཛུགས་སྐྲུན་བྱས་རྗེས། མཚོ་སྔོན་གྱི་རིག་གནས་རང་བྱུང་ཤུལ་བཞག་ས་ཁུལ་གྱི་སྒྲིག་ཆས་ཆ་རྐྱེན་སྲུང་སྐྱོང་ལ་ལེགས་བཅོས་བྱེད་ཐུབ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རིག་གནས་རང་བྱུང་ཤུལ་བཞག་དང་གནས་སྐོར་མཉམ་འདྲེས་ཀྱིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ།

མིག་སྔར། ལས་གཞི་འདི་དག་གི་ཞིབ་བཤེར་ལག་བསྟར་ཆོག་པའི་སྙན་ཞུ་སོགས་དུས་སྐབས་སྔོན་མའི་བྱ་བ་རྣམས་ལེགས་འགྲུབ་བྱས་ཤིང་། ད་ལྟ་ཐོག་མའི་ཇུས་འགོད་ཞིབ་བཤེར་དང་དམིགས་འཇོག་གི་དུས་སྐབས་སུ་སླེབས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག