མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་ཡིན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-18 10:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་མཚུངས་སུ། ཁུལ་ཏང་ཨུའི་ཞིང་ཕྱུགས་ཀྱིས་ཁུལ་དར་བ་དང་སྐྱེ་ཁམས་ཀྱིས་ཁུལ་འཛུགས་པའི་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་རྨོ་བསྐྱུར་རྩྭ་སྐྱོང་། ཨ་བྲའི་གནོད་པ་འགོག་བཅོས། སྐྱེ་ཁམས་གནས་སྤོར། ས་ཆུ་ནུས་པ་སྲུང་འཛིན་དང་། “ཐང་ཆེན་ལྔ”དང“ལུང་བ་ལྔ”བཅོས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས་པ་བརྒྱུད། རིན་བཞིན་བཞིན་མི་གྲངས་ལྟར་ཕྱུགས་ཟོག་ཇེ་ཉུང་དང་རྩྭ་ས་ལྟར་ཕྱུགས་ཟོག་ཇེ་ཉུང་དུ་བཏང་ནས་རྩྭ་ཕྱུགས་དོ་མཉམ་གྱི་འཕེལ་རྒྱས་ལམ་ལུགས་འཚོལ་ཞིབ་བྱས་པས། རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཞན་འགྱུར་རྣམ་པར་ཐོག་མའི་འགོག་བཅོས་ཐོབ་ལ། བྱེ་བྲག་གི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཞིང་། འབྲོག་ཁུལ་གྱི་རྩྭ་ས་སླར་གསོ་བྱུང་བ་དང་མང་ཚོགས་ཀྱི་ཐོན་སྐྱེད་བདག་གཉེར་རྣམ་པར་འགྱུར་ལྡོག་བཏང་བས། དབུལ་ཕོངས་མང་ཚོགས་སྐོར་ཞིག་གི་ལྟོ་རྒྱབ་གནད་དོན་ཐག་གཅོད་བྱས། གནས་སྤར་སྡོད་དམངས་ཁུལ་གྱི་ཆུ་དང་གློག ལམ། རྒྱང་སྒྲོག་བརྙན་འཕྲིན། ཁ་པར། སློབ་གསོ། འཕྲོད་བསྟེན་སོགས་སྤྱི་བའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་མུ་མཐུད་དུ་འཐུས་ཚང་དུ་བཏང་ལ། སློབ་གསོ་དང་སྨན་བཅོས་ཆ་རྐྱེན་སོགས་མུ་མཐུད་དུ་ཇེ་ལེགས་སུ་བཏང་བས། གཞི་རྩའི་ཐོག་སྐྱེ་ཁམས་བཟང་ཞིང་ཐོན་སྐྱེད་འཕེལ་རྒྱས་སུ་སོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་གནས་པའི་རྣམ་པ་ལེགས་པོ་མངོན་འགྱུར་བྱས་ཡོད། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག