མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཛེས་སྡུག་གི་ཡུས་ཧྲུའུ་གསར་བ་གནས་སྐོར་བའི་དགའ་བསུ་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-08-23 10:37

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཡིས་རྩ་འཛུགས་བྱས་པའི་མཚོ་འགག་འགྲམ་གཉིས་ཀྱི་གནས་སྐོར་ཚོང་བ་དང་། སྨྱན་བྱེད་གཙོ་བོ་རྟོག་ཞིབ་ཚོགས་པས་བསྐྱར་འཛུགས་ལེགས་འགྲུབ་བྱུང་བའི་ད་ལོར་ཡུས་ཧྲུའུ་ལ་རྟོག་ཞིབ་དང་ལྟ་སྐོར་བྱས་ལ། ཡུས་ཧྲུའུ་ཡི་གནས་སྐོར་རྣམ་པ་གསར་བ་ཇུས་འགོད་བསམ་འཆར་བཏོན།

    ཚེས21ཉིན་གྱི་ཕྱི་དྲོར། རྟོག་ཞིབ་ཚོགས་པ་འཁོར་དང་བཅས་པ་སྐུ་འབུམ་དགོན་པ་མཛེས་ལྗོངས་ཁུལ་དུ་རྟོག་ཞིབ་མཇུག་བསྒྲིལ་རྗེས། གནམ་གྲུར་བསྡད་དེ་ཡུས་ཧྲུའུ་ལ་སོང་། ཡུས་ཧྲུའུ་གནམ་གྲུ་ཐང་ལ་སླེབས་རྗེས། དཔལ་ཐང་རྩྭ་ཐང་གི་མཛེས་ལྗོངས་ཀྱིས་རྟོག་ཞིབ་ཚོགས་པ་འཁོར་དང་བཅས་པའི་ཡིད་དབང་ཅིག་ཅར་ཏུ་འཕྲོག

ཡུས་ཧྲུའུ་ས་འགུལ་རྗེས་ཤུལ་དྲན་གསོ་ཁང་གི་ཟུར་གཅིག

ད་ལྟའི་ཡུས་ཧྲུའུ་རྣམ་པ་གསར་བའི་མཛེས་ལྗོངས།

ད་ལྟའི་ཡུས་ཧྲུའུ་རྣམ་པ་གསར་བའི་མཛེས་ལྗོངས།

ད་ལྟའི་ཡུས་ཧྲུའུ་རྣམ་པ་གསར་བའི་མཛེས་ལྗོངས།

རྟོག་ཞིབ་ཚོགས་པས་སྟག་ལྡན་མཛེས་ལྗོངས་ཁུལ་ནས་སྐྱེ་རྒུ་གྲོང་རྡལ་གྱི་རྣམ་པ་གསར་བ་པར་ལེན་བཞིན་པ།

    རྟོག་ཞིབ་ཚོགས་པ་སྔ་རྗེས་སུ་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་ཡུས་ཧྲུའུ་ས་འགུལ་རྗེས་དྲན་ཁང་དང་སྟག་ལྡན་རིའི་མཛེས་ལྗོངས་ལྟ་སྐོར་ས་ཚིགས་སུ་སོང་སྟེ་ཡུལ་དངོས་སུ་བསྐྱར་འཛུགས་བྱས་རྗེས་ཀྱི་ཡུས་ཧྲུའུ་གསར་བའི་རྣམ་པ་ཧྲིལ་བོར་ལྟ་སྐོར་བྱས་ལ། ཡུས་ཧྲུའུ་མི་དམངས་དང་བསྐྱར་འཛུགས་ལས་བཟོ་བའི་ཡིད་ཆེས་ལ་རོལ་མྱོང་ཐེངས་ཤིག་བྱས། རྟོག་ཞིབ་ཚོགས་པའི་ཚོགས་མིས་སྟག་ལྡན་རི་བོའི་ལྟ་སྐོར་ས་ཚིགས་སུ་རྒྱང་ལྟ་བྱེད་དུས། ཉི་འོད་འོག་གི་སྐྱེ་རྒུ་གྲོང་རྡལ་ནི་སྔར་ལས་མཛེས་སྡུག་ལྡན་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་སྐྲུན་དག་གིས་མིའི་ཡིད་སེམས་ཀྱི་དུང་བ་དབང་མེད་དུ་འཕྲོག

    ཚེས22ཉིན། རྟོག་ཞིབ་ཚོགས་པའི་ཚོགས་མིས་ད་རུང་སེང་སེ་རྒྱ་ནག་མ་ཎི་དང་རྣམ་པ་སྣང་མཛད། ལེབ་པ་ཁོག་སོགས་མཛེས་ལྗོངས་ཁུལ་དུ་རྟོག་ཞིབ་དང་ལྟ་སྐོར་བྱས། རྟོག་ཞིབ་ཚོགས་པ་ནི་ཐེ་ཝན་དང་ཞང་ཀང་། སིང་ག་ཕོར། མཚོ་སྔོན་བཅས་ཀྱི་གནས་སྐོར་ཚོང་བ་གཙོ་བོ་དང་ཀྲུང་དབྱང་སྨྱན་བྱེད་གཙོ་བོ་དག་གི་གསར་འགོད་པ་ལས་གྲུབ་ཡོད།

    རྒྱུས་ལོན་པ་ལྟར་ན། ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་ཀྱི་རིག་གནས་གནས་སྐོར་སྤྱི་འཛུགས་ལས་གཞིའི་མ་དངུལ་ལ་སྒོར་དུང་ཕྱུར3.8ལེགས་འགྲུབ་བྱས་ཡོད་པ་དང་། ཁམས་པའི་རིག་གནས་ལྟེ་གནས་དང་ས་འགུལ་རྗེས་ཤུལ་དྲན་གསོ་ཁང་། ཡུས་ཧྲུའུ་དངོས་མང་བཤམས་སྟོན་ཁང་། གེ་སར་རིག་གནས་ལྟེ་གནས་སོགས་ཀྱི་ལས་གཞི་དང་གནས་སྐོར་བསྐྱར་འཛུགས་ལས་གཞི41འཆར་འགོད་བྱས་ཡོད། ད་ལྟ་ལས་གཞི38ལས་མགོ་བརྩམས་ཡོད་པ་དང་དེའི་ནང་ལས་གཞི32ལེགས་འགྲུབ་བྱས་ཡོད་ལ། ལས་གཞི་གཞན་པ་དག་སྤྱི་ཟླ9བའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་ངེས། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག