མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་ཙུང་ལི་ལིས་ཁི་ཆང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-22 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུས་ནས། ཙུང་ལི་ལིས་ཁི་ཆང་གིས་ནུབ་རྒྱུད་ཀྱི་འཕེལ་རྒྱས་དང་དབུལ་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་བསམ་འཆར་ལ་ཞིབ་འཇུག་བྱས།

ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ལན་ཀྲིག་ནས་མགོ་འཛིན་བྱས་ཏེ་ནུབ་རྒྱུད་ཀྱི་འཕེལ་རྒྱས་དང་དབལ་སྐྱོར་བྱ་བར་ཡར་སྐུལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། གསུངས་བཤད་གལ་ཆེན་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གསུངས་བཤད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་རེ་བ་བཏོན་པ་དང་། ཞིང་ཆེན་སྲིད་གཞུང་གིས་མྱུར་དུ་རྒྱུན་ལས་གྲོས་ཚོགས་བསྡུས་ནས་དེ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་འདུའི་སྟེང་བསྟན་དོན། ཙུང་ལི་ལིས་ཁི་ཆང་གི་གསུངས་བཤད་ཀྱིས་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་དང་དབུལ་སྐྱོར་མཁྲེགས་གཏོར་ལ་དམ་དུ་དམིགས་ནས། སྤྱི་ཚོགས་ཡོངས་ལ་བློ་བརྟན་འགྱུར་མེད་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་དང་། ནུབ་རྒྱུད་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་བརྡ་གསལ་བོ་བཏང་བ་དང་། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གིས་ནུབ་རྒྱུད་ས་ཁུལ་དང་དབུལ་ཕོངས་ས་ཁུལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་། ཚན་རིག་འཕེལ་རྒྱས་དང་སྲིད་སྐྱོང་བ་དམངས་ཀྱི་ཆེད་ཡིན་པའི་རྩ་བའི་རེ་བ་ཡང་མཚོན་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ནན་ཏན་གྱིས་གསུངས་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལག་ལེན་ལ་མཛུབ་སྟོན། ཤེས་རྒྱ་བསྐྱེད་པ་དང་གཅིག་མཐུན་གྱི་ལྟ་བ་མཉམ་བསྡུས་བྱེད་པ་བཅས་བྱས་ནས། བྱ་བ་བཟང་བོར་སྤེལ་དགོས་ཟེར།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱིས་ནུབ་རྒྱུད་ས་ཁུལ་ལ་ཁྱད་པར་ཅན་གྱི་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་ཞིང་ཆེན་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་པའི་ཚོགས་འདུ་དང་། སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་དུ། བྱ་བ་དངོས་འབེབ་བྱེད་རྒྱུ་དམ་འཛིན་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག