མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ· མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་སྐབས་དང་པོ་མི་འགྱང་བར་བསྡུ་རྒྱུ་ཡིན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-22 10:41

1111.jpg

མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་འགྲེམ་སྟོན་བྱ་འགུལ་སྤེལ་བའི་བྱ་བར་བཀོད་སྒྲིག་བྱེད་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས21ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས2013ལོའི་སྤྱི་ཟླ8པའི་ཚེས31ཉིན་ནས་སྤྱི་ཟླ9བའི་ཚེས3ཉིན་བར་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་ཀྲུང་གོ· མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་སྐབས་དང་པོ་བསྡུ་རྒྱུ་རེད།

    འགྲེམ་སྟོན་སྐབས་སུ་གཙོ་བོ་ཐོན་རྫས་བརྗེ་རེས་ཉོ་ཚོང་དང་། དངུལ་གཏོང་ཚོང་གཏམ། མཐོ་རིམ་གླེང་སྟེགས་སོགས་བྱ་འགུལ་སྤེལ་རྒྱུ་ཡིན་པ་མ་ཟད། ད་རུང་དབྱར་རྩྭ་དགུན་འབུ་དང་བོད་སྨན་ཐོན་རྫས་ཀྱི་བཙོང་རྒྱུ་རེད། སྐབས་དེར་བོད་ཀྱི་གསོ་རིག་དང་བོད་སྨན་གྱི་ལག་རྩལ་ཆེས་གསར་བ་དང་ཐོན་རྫས་གསར་བ་ངོམ་རྒྱུ་ཡིན་པའི་ཞོར་དུ། དབྱར་རྩྭ་དགུན་འབུ་དང་བོད་སྨན་འཕེལ་རྒྱས་སུ་གཏོང་བའི་མཐོ་རིམ་གླེང་སྟེགས་དང་། བོད་མི་རིགས་ཀྱི་ཤོམ་ལྭ་ངོམ་པ་དང་། བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཐོན་རྫས་བརྗེ་རེས་དང་མཚོ་སྔོན་གྱི་ཐོན་རྫས་གྲགས་ཅན་འགྲེམ་སྟོན་བྱེད་རྒྱུ་དང་། བོད་ཀྱི་སྨན་པ་གྲགས་ཅན་གྱིས་ཡུལ་དངོས་ནས་ནད་ལ་བརྟག་པ་དང་། དབྱར་རྩྭ་དགུན་འབུ་རྫུན་མ་ཡིན་མིན་གྱི་དབྱེ་བ་འབྱེད་རྒྱུ་མ་ཟད། ད་རུང་དབྱར་རྩྭ་དགུན་འབུའི་བཟང་ངན་བཀར་ནས་འབུ་ཚོང་རྒྱག་རྒྱུ་རེད།

    སྐབས་དེར་འགྲེམ་སྟོན་བྱེད་ས་ལྔ་བརྒྱ་ལྷག་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཚོང་བ་སྟོང་གསུམ་ལྷག་གདན་འདྲེན་བྱས་ནས་འགྲེམ་སྟོན་དུ་ཞུགས་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག