མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་བཅུ་གཅིག་པའི་མཚོ་སྔོན་གྱི་རིག་གནས་གནས་སྐོར་དུས་ཆེན་སྟེང་རིག་གནས་སྐོར་གྱི་ཐོན་ལས་རྣམ་གྲངས12ལ་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར2.377ནང་འདྲེན་བྱས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-08-17 11:02

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ8པའི་ཚེས16ཉིན་གྱི་སྔ་དྲོར། སྐབས་བཅུ་གཅིག་པའི་མཚོ་སྔོན་གྱི་རིག་གནས་གནས་སྐོར་དུས་ཆེན་སྟེང་རིག་གནས་སྐོར་གྱི་ཐོན་ལས་རྣམ་གྲངས་གན་རྒྱ་འཇོག་པའི་མཛད་སྒོ་མཁར་ལྷོ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བསྡུས།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅེན་མིན་གན་རྒྱ་འཇོག་པའི་མཛད་སྒོ་སྟེང་ཞུགས།

 ཐེངས་འདིའི་གན་རྒྱ་འཇོག་པའི་མཛད་སྒོ་སྟེང་།  བསྡོམས་པས་རྣམ་གྲངས12ལ་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར2.377ནང་འདྲེན་བྱས།  དེའི་ནང་རིག་གནས་གནས་སྐོར་རྣམ་གྲངས3དང་།  ལག་ཤེས་ཐོན་ལས་རྣམ་གྲངས9བཅས་འདུས།  རྣམ་གྲངས་འདི་དག་གི་མཉམ་འབྲེལ་ཕྱོགས་ནི་ཞང་ཀང་དང་ཧྥུ་ཅན།  ཧུ་ནན།  ཅང་སའོ།  ཀན་སུའུ་དང་ནང་སོག  བོད་ལྗོངས།  ཀོང་ཏུན།  ཧྲན་ཞེ་སོགས་ཞིང་དང་ས་ཁུལ་ནས་ཐོན་པའི་རིག་གནས་ཁེ་ལས་ཡིན།

རྣམ་གྲངས་འདི་དག་མཉམ་འབྲེལ་བྱས་པ་ལས་རང་ཞིང་གི་རིག་གནས་ཐོན་ལས་འཕེལ་རྒྱས་དང་།  དཔལ་འབྱོར་སྒྲིག་གཞི་ལེགས་བསྒྱུར། འཕེལ་ཕྱོགས་བཅོས་བསྒྱུར་དང་རིག་གནས་འཛུགས་སྐྲུན་སོགས་ལ་དོན་སྙིང་གལ་ཆེན་ལྡན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག