མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དངོས་མང་བཤམ་སྟོན་ཁང་རྒྱལ་ཁབ་རིམ་པ་གཉིས་པའི་དངོས་མང་བཤམ་སྟོན་ཁང་དུ་དཔྱད་འདེམས་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-07-03 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་རིག་དངོས་ཅུའུ་ཡིས་སྐོར་གཉིས་པའི་རྒྱལ་ཁབ་རིམ་པ་གཉིས་པ་དང་གསུམ་པའི་དངོས་མང་བཤམ་སྟོན་ཁང་གི་མིང་ཐོ་ཁྱབ་བསྒྲགས་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་དངོས་མང་བཤམ་སྟོན་ཁང4དེའི་ནང་དུ་ཚུད། དེའི་ནང་མཚོ་སྔོན་ཞིང་ཆེན་དངོས་མང་བཤམ་སྟོན་ཁང་དེ་རྒྱལ་ཁབ་རིམ་པ་གཉིས་པའི་དངོས་མང་བཤམ་སྟོན་ཁང་དུ་བདམས་པ་དང་། རྨ་ལྷོ་དང་ཧུའུ་ཀྲུའུ་སོགས་ཁུལ་དང་རྫོང་གསུམ་གྱི་དངོས་མང་བཤམ་སྟོན་ཁང་དེ་རྒྱལ་ཁབ་རིམ་པ་གསུམ་པའི་དངོས་མང་བཤམ་སྟོན་ཁང་དུ་བདམས།

ཉེ་བའི་ལོ་འགའི་རིང་། ཏང་དང་སྲིད་གཞུང་གིས་དངོས་མང་བཤམ་སྟོན་ཁང་གི་བྱ་བར་ཚད་མཐོན་པོས་གདེངས་འཇོག་བྱས་དང་། དངོས་མང་བཤམ་སྟོན་ཁང་གི་ལས་དོན་ལ་རོགས་སྐྱོར་བྱེད་ཤུགས་ལོ་རེ་བཞིན་ཇེ་ཆེར་བཏང་། མཚོ་སྔོན་གྱི་ས་ཁུལ་སོ་སོའི་དངོས་མང་བཤམ་སྟོན་ཁང་གིས་ཧུར་བརྩོན་གྱིས་ཉེ་བཅར་གསུམ་གྱི་བླང་བྱ་དངོས་འབེབས་བྱས་ཏེ། ཞབས་ཞུའི་འདུ་ཤེས་དང་འགྲེམ་སྟོན་བྱེད་ཐབས་གསར་སྐྲུན་བྱས་ནས་དངོས་མང་བཤམ་སྟོན་ཁང་གི་ལས་དོན་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་བས། བཤམ་སྟོན་ཁང་གི་ལས་དོན་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་ལ། ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་གྱི་རིག་དངོས་ཐོན་ཁུངས་སྲུང་སྐྱོང་དང་ས་གནས་མི་རིགས་རིག་གནས་དར་རྒྱས། མཚོ་སྔོན་གྱི་མཚན་སྙན་ཇེ་ཆེ་དང་རིག་གནས་མིང་གྲགས་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་མིང་ཐོའི་ཁྲོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དངོས་མང་བཤམ་སྟོན་ཁང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དངོས་མང་བཤམ་སྟོན་ཁང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་དངོས་མང་བཤམ་སྟོན་ཁང་བཅས་རྒྱལ་ཁབ་རིམ་པ་གསུམ་པའི་དངོས་མང་བཤམ་སྟོན་ཁང་དུ་བདམས་པས་མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཁབ་རིམ་པ་གཉིས་པའི་དངོས་མང་བཤམ་སྟོན་ཁང་གཅིག་དང་རྒྱལ་ཁབ་རིམ་པ་གསུམ་པའི་དངོས་མང་བཤམ་སྟོན་ཁང5ལ་སླེབས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག