མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཆེད་སྤྱོད་མ་དངུལ་བཏང་ནས་མཐོ་སྒང་གི་གནས་སྐོར་མིང་གྲགས་ཞིང་ཆེན་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-07-02 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་གནས་སྐོར་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་བཙུགས་ནས་མཐོ་སྒང་གི་གནས་སྐོར་མིང་གྲགས་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། 2011ལོ་ནས2013ལོའི་བར་ལ་བསྡོམས་པས་གནས་སྐོར་འཕེལ་རྒྱས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར5.54བཀོད་སྒྲིག་བྱས་ཤིང་། གནས་སྐོར་གྱི་འཛུགས་སྐྲུན་ཐད་ལ་མ་དངུལ་སྒོར་དུང་ཕྱུར1.7བཀོལ་བ་དང་། གཙོ་བོ་གནས་སྐོར་འཆར་འགོད་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། གཙོ་གནད་ལས་གཞིའི་བུན་སྦྱོར་དང་ཁ་གསབ། དྲིལ་བསྒྲགས་སོགས་ཀྱི་ཐད་ལ་བཀོལ།

ཉེ་བའི་ལོ་གཉིས་རིང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་དང་ཀྲུང་དབྱང་མི་དམངས་རྒྱང་སྒྲོག་ཁང་། གཞན་ཡང་པེ་ཅིན་སྤྱི་སྤྱོད་རླངས་འཁོར་ས་ཚིགས། གནམ་གྲུ་འབབ་ཚིགས་སོགས་སུ་ཚོང་འཕྲིན་སྤེལ་བ་བརྒྱུད་དྲིལ་སྒྲོག་དང་། རབ་མཛེས་མཚོ་སྔོན་ཀྲུའུ་ཅང་ས་ཁུལ་དང་འབྲི་ཆུ་འབབ་རྒྱུད་ས་ཁུལ། པེ་ཅིན་བཅས་སུ་བསྐྱོད་པ་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་དྲིལ་སྒྲོག། གནས་སྐོར་དྲ་ཚིགས12301བཟོ་འགོད་འཛུགས་སྐྲུན་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་སྤྱིའི་པར་ལེན་དུས་ཆེན། དགུན་དུས་གནས་སྐོར་བྱ་འགུལ་སོགས་དུས་ཆེན་སྣ་ཚོགས་ལ་ཁ་གསབ་བྱེད་པ་སོགས་ལ་རོགས་སྐྱོར་བྱས་ཏེ་ཕན་ནུས་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་མཚན་སྙན་གྲགས་ཇེ་ཆེར་བཏང་།

ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པར་རོགས་སྐྱོར་བྱེད་པའི་དུས་མཚུངས་སུ། ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ཆེན་ནང་ཁུལ་གྱི་གནས་སྐོར་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་རོགས་སྐྱོར་ཆེན་པོ་བྱས། མཚོ་ལྷོ་མཐོ་སྒང་སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་དང་རྨ་ལྷོ་རེབ་གོང་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ། མཚོ་སྔོན་པོ་སོགས་གཙོ་གནད་མཛེས་ལྗོངས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ་དང་། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱི་ནུ་ལྕེ་ཁུལ་དང་བྱེ་གླིང་། བྱ་གླིང་སོགས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་། མཚོ་སྔོན་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་ལྷ་ཁང་རྒྱ་བསྐྱེད་བཟོ་འགོད། མཚོ་ལྷོ་ཁྲི་ཀའི་གནས་སྐོར་ཕྱོགས་བསྡུས་གསར་སྤེལ་དཔེ་སྟོན་ཁུལ་འཛུགས་སྐྲུན། མཚོ་བྱང་རྐང་ཚ་རྫོང་གི་མཚོ་སྔོན་པོ་བོད་ཀྱི་མཁར་གྲོང་གནས་སྐོར་རྨང་གཞི་སྒྲིག་ཆས། མཚོ་སྔོན་ཞིང་ཆེན་ཉིང་རྡུལ་གྲོང་ཁྱེར་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། མགོ་ལོག་གཉན་པོ་གཡུ་རྩེ་མཛེས་ལྗོངས་ཁུལ་གྱི་རྨང་གཞི་སྒྲིག་ཆས་སོགས་ལ་རོགས་སྐྱོར་བྱས། སྐུ་འབུམ་དང་ཧུའུ་ཀྲུའུ་བྱང་རི་རྒྱལ་ཁབ་རིམ་པའི་ས་གཤིས་ནགས་ཚལ་སྤྱི་གླིང་། སྟོང་རི་ལྷ་མཚོ། ཁམས་ར་མཛེས་ལྗོངས་ཁུལ་གྱི་ཆུ་ཐོག་གནས་སྐོར་སོགས་ས་ཁུལ་སོ་སོའི་མཛེས་ལྗོངས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་མཚོ་བོད་གནས་སྐོར་པའི་ཞབས་ཞུ་ལྟེ་གནས། ་མཛེས་ལྗོངས་ཁུལ་གྱི་ཁྱམས་ར། སྐར་མ་རིམ་པའི་སྤྱོད་ཁང་སོགས་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་ལེགས་བཅོས་ལས་གཞི་འཛུགས་སྐྲུན་ལ་རོགས་སྐྱོར་བྱས།

གསར་འགོད་པས་སྤྱི་ཟླ6པའི་ཚེས6ཉིན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་ཞིང་ཆེན་ནོར་སྲིད་ཀྱིས་གནས་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་མ་དངུལ་སྒོར་དུང་ཕྱུར2བཀོད་སྒྲིག་བྱས་ཏེ། གཙོ་བོ་མཚོ་སྔོན་པོ་དང་ཧུའུ་ཀྲུའུ་རྒྱལ་ཁབ་རིམ་པའི་གནས་སྐོར་སྤྲོ་གསེང་ཁུལ། མཚོ་ལྷོ་དང་རྨ་ལྷོའི་རིག་གནས་གནས་སྐོར་སོགས་གཙོ་གནས་ལས་གཞི་དང་ཆས་རྟགས་གཙོ་བོ་གསར་འཛུགས་བྱས་ནས་གནས་སྐོར་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་གནས་སྐོར་ལས་དོན་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག