མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ།

རྩོམ་པ་པོ། གཡང་འབུམ་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-02 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་དེ་སྤྱི་ཟླ6པའི་ཚེས28ཉིན་ཟི་ལིང་ནས་བསྡུས། གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ནི་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་གྱི་ཕན་འབྲས་དང་གྲོང་བརྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དོ་དམ་བྱ་བ་སྤེལ་བའི་དམངས་གཙོའི་དཔྱད་ཞིབ་ལ་དམ་པོར་དམིགས་པ་དེ་རེད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་ལའོ་ཁྲོ་དབྱང་། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥུན། གཟིམ་ཁང་ཚང་། དྲུང་ཡིག་ཆེན་མོ་ཝང་ཅིན་སོགས་རྒྱུན་ལས་ཨུ་ཡོན་ང་བརྒྱད་གྲོས་ཚོགས་སུ་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་དང་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གཉིས་གདན་ཞུ་བྱས་པ་ལྟར་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང་། ཀྲང་ཅན་མེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་དང་གྲོང་བརྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དོ་དམ་གནས་ཚུལ་ཁྱབ་སྒྲོག་བྱས། ཀྲང་ཧྲིག་ཁྲིན་གྱིས«མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་གྱི་ཕན་འབྲས་དང་གྲོང་བརྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དོ་དམ་བྱ་བའི་སྐོར་གྱི་དམངས་གཙོའི་དཔྱད་ཞིབ་སྙན་ཞུ»གཙོར་བཟུང་ནས་གཏམ་བཤད་སྤེལ། ཚོགས་ཞུགས་མི་སྣ་རྣམས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་གྱི་ཕན་འབྲས་དང་གྲོང་བརྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དོ་དམ་བྱ་བ་གཙོར་བཟུང་ནས་ཚན་ཆུང་བགོས་ཏེ་ནན་ཏན་སྒོས་གྲོས་བསྡུར་བྱས་པར་མ་ཟད་བསམ་འཆར་དང་གྲོས་གཞི་ལེགས་པོ་བཏོན།

ཨུ་ཡོན་རྣམས་ཀྱིས་བལྟས་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་པས་རྩ་འཛུགས་ནུས་པ་ལྡན་པར་མ་ཟད་བྱེད་ཐབས་དོན་འཁྱོལ་དང་ཕན་འབྲས་མངོན་གསལ་ཡིན་པར་སྙམ།

ཨུ་ཡོན་རྣམས་ཀྱིས་བལྟས་ན། ཐེངས་འདིའི་རྒྱུན་ལས་གྲོས་ཚོགས་ནས་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་དང་གྲོང་བརྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དོ་དམ་བྱ་བར་ཆེད་དོན་དཔྱད་ཞིབ་བྱས་པ་ནི་སྲིད་གྲོས་ཀྱིས་དམངས་གཙོའི་ལྟ་སྐུལ་ནུས་པ་ལག་བསྟར་ནན་མོ་བྱས་པའི་ལག་ལེན་གལ་ཆེན་ཐེངས་ཤིག་ཡིན་པ་དང་མི་དམངས་སྲིད་གྲོས་ཀྱིས་ལྟ་རྟོག་བྱེད་པ་དང་བསམ་འཆར་འདོན་པ། བྱ་བ་བསྒྲུབ་པ་བཅས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་ལ། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཨུ་དང་སྲིད་གཞུང་། མི་དམངས་མང་ཚོགས་བཅས་ཀྱིས་དོ་ཁུར་བྱེད་བཞིན་པའི་གནད་དོན་ལ་དམ་པོར་དམིགས་ཏེ། བྱ་བའི་ཤུགས་འདོན་ས་གཙོ་བོ་དེ་གཞི་རིམ་དང་དམངས་འཚོའི་གནད་དོན་གཙོ་བོའི་སྟེང་བཞག་ནས་འགན་ནུས་སྣ་ཚོགས་ལག་བསྟར་བཟང་བོ་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་གྱི་དམངས་གཙོའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་པར་སྙམ།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་ཚོགས་པའི་ཚུན་གྱི་རྒྱུན་ལས་གྲོས་ཚོགས་ཀྱི་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས་པར་མ་ཟད་འབྲེལ་ཡོད་མི་དོན་སྐོར་གྱི་དོན་དག་ལ་གྲོས་འཆམ་བྱུང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག