མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་སོ་སོར་གཞི་རིམ་ཏང་ཡོན་རྣམས་དང་མཉམ་དུ་བདུན་གཅིག་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

རྩོམ་པ་པོ། གཡང་འབུམ་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-02 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདུན་གཅིག་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་སོ་སོར་ཁེ་ལས་དང་སློབ་གྲྭ སྡོད་ཁུལ་སོགས་སུ་སོང་ནས་གཞི་རིམ་གྱི་ལས་རྐང་དང་པོ་ན་ཡོད་པའི་གུང་ཁྲན་ཏང་ཡོན་རྣམས་ལ་སྐོར་བརྒྱབ་པ་དང་། གཞི་རིམ་གྱི་སྤྱིར་བཏང་གི་ཏང་ཡོན་ཞིག་གི་ཐོབ་ཐང་གིས་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་བྱ་འགུལ་ལ་ཞུགས་ནས་གཞི་རིམ་གྱི་ཏང་ཡོན་རྣམས་དང་མཉམ་དུ་ཏང་གི་འཁྲུངས་སྐར་ལ་རོལ།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་ཀྲུང་གོ་ཧ་ཡང་ཁེ་ལས་མཚོ་སྔོན་ཡན་ལག་ཀུང་ཟིར་སོང་ནས་གློག་བརྟེན་ཧ་ཡང་དབྱེ་འབྱེད་དང་འཁྱག་བཙིར་སོགས་འཁོར་ཁང་དུ་ཐོན་སྐྱེད་བདག་གཉེར་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། གློག་བརྟེན་ཧ་ཡང་དབྱེ་འབྱེད་བཟོ་གྲྭ་གཉིས་པའི་འཁོར་ཁང་གསུམ་པའི་ཏང་ཀྲི་པུའུ་ཡི་ཏང་ཡོན་བྱ་འགུལ་ལ་ཞུགས། ལོ་ཧོས་ཉིན་གྱིས་གཞི་རིམ་གྱི་ལས་རྐང་དང་པོའི་ཏང་ཡོན་རྣམས་ཀྱིས་ལས་གནས་ཀྱི་དོན་དངོས་གནས་ཚུལ་ལྷུག་པོར་བརྗོད་པར་ཞིབ་ཏུ་ཉན་པར་མ་ཟད་ཟིན་བྲིས་སུ་བཏབ། ལོ་ཧོས་ཉིན་གྱིས་མཚོ་སྔོན་ཧ་ཡང་ཁེ་ལས་ཀྱིས་ཚད་ལྡན་གྱི་ཏང་ཀྲི་པུའུ་འཛུགས་སྐྲུན་དང་ཏང་ཡོན་གྱི་དམ་བཅའ་འཇོག་པ་སོགས་བྱ་འགུལ་སྣ་ཚོགས་སྤེལ་ནས་ཁེ་ལས་ཀྱི་ཏང་འཛུགས་སྐྲུན་དང་ཐོན་སྐྱེད་བདག་གཉེར་གྱིས་ཕན་ཚུན་ལ་མཉམ་དུ་སྐུལ་འདེད་བྱེད་པའི་རྣམ་པ་བཟང་བོ་དེར་རྒྱུས་ལོན་ཞིབ་མོ་བྱས་རྗེས་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་། ལོ་ཧོས་ཉིན་གྱིས་རྒྱ་ཆེའི་ཏང་ཡོན་རྣམས་ལ་རེ་བ་བཞི་བཏོན་པ་སྟེ། གཅིག་ནི་སེམས་སྟེང་ནས་ཕུགས་བསམ་ཡོད་དགོས། གཉིས་ནི་མིག་གིས་དོན་ཆེན་ལ་བལྟ་དགོས། གསུམ་ནི་ལག་རྩལ་གྱི་ནུས་པ་ལྡན་དགོས། བཞི་ནི་ལུས་སྟེང་ནས་སྣང་བརྙན་ཡག་པོ་བསྐྲུན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧོ་ཕུན་མཚོ་སྔོན་མི་རིགས་སློབ་ཆེན་དུ་སོང་ནས་མི་རིགས་སློབ་གསོའི་འཐབ་ཕྱོགས་ཀྱི་ཏང་ཡོན་རྒན་པ་གསུམ་ལ་སྐོར་བརྒྱབ་ནས་བཞུགས་མོལ་ཚོགས་འདུ་བསྡུས། བཞུགས་མོལ་ཚོགས་འདུའི་སྟེང་གསར་དུ་ཏང་ནང་དུ་ཞུགས་པའི་སློབ་མ་བཅུ་གཉིས་ཀྱིས་ཏང་གི་དར་ཆའི་འོག་ཏུ་ཏང་གི་བསྒྲགས་གཏམ་སྤེལ་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་སློབ་མ་དགུ་ཡིས་ཁོ་ཚོའི་སེམས་ཁོང་གི་ཀྲུང་གོའི་ཕུགས་འདུན་སྐོར་གླེང་། ཚང་མའི་གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས་ཧོ་ཕུན་གྱིས་སེམས་འགུལ་ཐེབས་པའི་ངང་ནས་བཤད་རྒྱུར། བདག་གི་སེམས་སུ་ཡང་ཕུགས་འདུན་ཞིག་ཡོད་པ་སྟེ། དེ་ནི་སྔར་ལས་མཛེས་སྡུག་དང་འཆམ་མཐུན། དར་རྒྱས་བཅས་ཀྱི་མཚོ་སྔོན་ཞིག་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན་ཟེར།

ཧོ་ཕུན་གྱིས་ན་གཞོན་སློབ་མ་རྣམས་ལ་ངེས་པར་དུ་ཡིད་ཆེས་བརྟན་པོ་བཅངས་ནས་ནམ་ཡང་ཏང་ལ་དགའ་བ་དང་ཏང་གི་རྗེས་སུ་འབྲངས་དགོས་པ་དང་མཐུན་སྒྲིལ་དཔེ་སྟོན་གྱི་མིག་དཔེ་བརྩོན་ལེན་བྱས་ནས་མི་རིགས་སོ་སོའི་སློབ་གྲོགས་བར་དུ་མཐུན་སྒྲིལ་དམ་པོ་བྱེད་པ། དཀའ་སྤྱད་འབད་བརྩོན་བྱས་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཁྲོད་གཞོན་པའི་ལང་ཚོ་འབུལ་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག