མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་གཉིས་ལོན་པར་དྲན་གསོ་ཞུ་བ་དང་སྔོན་ཐོན་བསྐྲུན་ཞིང་ཕུལ་བྱུང་བརྩོན་པའི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-02 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་གཉིས་ལོན་པར་དྲན་གསོ་ཞུ་བ་དང་སྔོན་ཐོན་བསྐྲུན་ཞིང་ཕུལ་བྱུང་བརྩོན་པའི་གཟེངས་བསྟོད་ཚོགས་ཆེན་བསྡུས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་གོ་གཉིས་ཀྱི་རིང་ལ་བླངས་བའི་འོད་སྟོང་འབར་བའི་གྲུབ་འབྲས་ཕྱིར་དྲན་བྱས་ཤིང་། ཏང་གི་བྱས་རྗེས་ལ་བསྟོད་བསྔགས་བྱས་པ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཛེས་སྡུག་གི་མ་འོངས་བར་རྒྱང་ལྟ་བྱས།

ཚོགས་ཐོག་ནས་སྐོར་ཐེངས་གསར་བའི་སྔོན་ཐོན་བསྐྲུན་ཞིང་ཕུལ་བྱུང་བརྩོན་པའི་སྔོན་ཐོན་ཏང་ཀྲི་པུའུ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན་བཅས་ལ་གཟེངས་བསྟོད་བྱས་པ་དང་། སྔོན་ཐོན་ཏང་ཀྲི་པུའུ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན་བཅས་ཀྱི་འཐུས་མིས་ཚོགས་ཆེན་སྟེང་གཏམ་བཤད།

ཚོགས་ཐོག་ནས་ཏང་ཡོན་ལས་བྱེད་པ་ཚང་མས་ཏང་ཡོན་ལས་བྱེད་པའི་ཕུགས་འདུན་ཡིད་ཆེས་སློབ་གསོར་ཤུགས་བསྣན་ནས། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་རྨང་གཞི་བརྟན་པོ་འདིང་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་བྱས་ནས། ད་ལོའི་ལོ་སྨད་ཀྱི་བྱ་བའི་ལས་འགན་ཡོངས་འགྲུབ་བྱེད་དགོས་ལ། སྐོར་ཐེངས་གསར་བའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་ཚན་རིག་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པར་མ་ཟད། ལས་གནས་ནས་སྔོན་ཐོན་བསྐྲུན་ཞིང་ཕུལ་བྱུང་བརྩོན་པར་རྐང་བཙུགས་ནས་ཞབས་ཕྱི་གསུམ་གྱི་བྱ་བ་བཟང་བོར་བསྒྲུབ་དགོས་བའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག