མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཏང་བཙུགས་ནས་ལོ་འཁོར་གོ་གཉིས་ལོན་པར་རྗེས་དྲན་བྱེད་པའི་ཚོགས་འདུ་བསྡུས་པ་དང་སུའུ་ཉིན་གྲོས་ཚོགས་སུ་ཞུགས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-02 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ7པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་གཉིས་ལོན་པར་རྗེས་དྲན་དང་སྔོན་ཐོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་བསྡུས་ཏེ་2012ལོའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་བཅོ་བརྒྱད། ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན་བཅས་ལ་གཟེངས་བསྟོད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་སུའུ་ཉིན་གཟེངས་བསྟོད་ཚོགས་འདུར་ཞུགས་ནས་ཚང་མ་དང་མཉམ་དུ་ཏང་ལ་བསྟོད་གླུ་ཕུལ།

2012ལོ་ནས་བཟུང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས“གཞི་རིམ་དུ་སྐྱོད་པ་དང་གཞི་རིམ་ལ་འབྲེལ་འདྲིས་བྱེད་པ། དོན་དངོས་སྒྲུབ་པ”བཅས་ཀྱི་བྱ་འགུལ་དེ་གནད་སར་བཟུང་ནས་རྒྱུན་ཆད་མེད་པར་གཞི་རིམ་ལ་འབྲེལ་འདྲིས་བྱས་ཏེ་ལས་བཟོ་བར་ཞབས་ཞུ་བྱེད་པའི་བྱ་བ་བཟང་བོར་བསྒྲུབས། ཕུལ་བྱུང་བརྩོན་པ་དང་སྔོན་ཐོན་སྐྲུན་པའི་བྱ་འགུལ་དེ་སྒུལ་ཤུགས་སུ་བརྩིས་ཏེ་རང་སྟེང་ནས་ཚན་རིག་འཕེལ་རྒྱས་ལྟ་བའི་ནུས་པ་ཇེ་མཐོར་བཏང་པ་དང་། ནན་ཏན་སྒོས“ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་མཚོ་སྔོན་ཞིང་ཆེན་གྱི་བྱེད་ཐབས་ཉེར་གཅིག”དངོས་འབེབས་བྱས་ཏེ་རྒྱུན་ཆད་མེད་པར་བྱ་བའི་སྤྱོད་སྟངས་སྒྱུར་བ་དང་ལས་བཟོ་བ་དང་མང་ཚོགས་ལ་འབྲེལ་འདྲིས་དམ་པོ་བྱེད་པ། ཁྱོན་ཡོངས་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་ཞུ་བསྒྲུབ་ནས་ལས་ཁུངས་ཀྱི་བསམ་བློ་འཛུགས་སྐྲུན་དང་རྩ་འཛུགས་འཛུགས་སྐྲུན། སྤྱོད་སྟངས་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་བྱས་ནས་སྲིད་གཙང་འཛུགས་སྐྲུན་བྱེད་པ། ལམ་ལུགས་འཛུགས་སྐྲུན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བཅས་བྱེད་པའི་བྱ་བ་སྔར་ལས་ཇེ་ལེགས་སུ་སོང་། 2012ལོར་ཞིང་ཆེན་སྤྱིའི་བཟོ་ཚོགས་མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་བྱས་པའི་ཕུལ་བྱུང་ལས་ཁུངས་དང་ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཆེད་དོན་དཔྱད་ཞིབ་བྱས་པའི་ཕུལ་བྱུང་ལས་ཁུངས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་སྔོན་ཐོན་ལས་ཁུངས་བཅས་སུ་བདམས།

ཉིན་དེའི་གཟེངས་བསྟོད་ཚོགས་འདུ་གྲོལ་རྗེས། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ལས་ཁུངས་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་སུ་སྡོད་པའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ལས་བྱེད་པའི་ཏང་གི་སློབ་གྲྭའི་ཏང་ཀྲི་པུའུ། ཞིང་ཆེན་ལུས་གསོའི་སྨན་ཁང་གི་ཏང་ཀྲི་པུའུ་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་འཐུས་མི་བཅས་ཀྱིས་ཏང་ལ་བསྟོད་པའི་གླུ་དབྱངས་བླངས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག