མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-02 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་སོ་སོས་སྔ་གཞུག་ཏུ་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་དང་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བའི་བསམ་འཆར་ལ་བཀོད་སྒྲིག་བྱས།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་ཚོགས་ཆེན་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་གྱི་ངོ་བོར་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་། ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། སློབ་གསོ་ལག་ལེན་བྱ་འགུལ་དང་གསར་འཛུགས་བྱ་འགུལ་སྤེལ་བ་རྩ་འཛུགས་བཟང་བོ་བྱེད་པ་དང་། གནད་དོན་གཙོ་བོ་ཐག་གཅོད་བྱས་ཏེ། རང་སྟེང་མཐོར་འདེགས་དང་། རང་སྟེང་འཐུས་ཚང་། རང་སྟེང་གསར་སྒྱུར། རང་སྟེང་མཐོར་འདེགས་བཅས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན།

ཞིང་ཆེན་དམངས་སྲིད་ཐིན་གྱིས་དམངས་སྲིད་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་ལེན་མཐར་ཕྱིན་བྱེད་ཐབས་ལ་ཞིབ་འཇུག་བྱས་པར་མ་ཟད། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་བསམ་བློ་གཅིག་གྱུར་བྱེད་པ་དང་། ངོས་འཛིན་མཐོར་འདེགས་སུ་བཏང་ནས། བྱ་འགུལ་དེ་སྤེལ་བའི་དགོས་ངེས་རང་བཞིན་དང་དགོས་གཏུག་རང་བཞིན་ལ་གོ་བ་ཟབ་མོ་ལེན་དགོས།  ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་སྲུང་འཛིན་བྱེད་པར་དམིགས་ནས་མགོ་ཁྲིད་ཀྱི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་འགན་འཁྲི་ལག་བསྟར་བྱེད་པ། ཁྲིམས་ལྟར་སྲིད་འཛིན་པ། ཞབས་ཞུའི་རྣམ་འགྱུར་ཇེ་ལེགས་སུ་གཏོང་བ་སོགས་ཕྱོགས་དྲུག་གི་ཐད་ནས་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་གནས་ཚུལ་ལ་ཡོངས་ཁྱབ་ཏུ་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱེད་དགོས་པའི་རེ་བ་བཏོན།

ཞིང་ཆེན་བདེ་འཇགས་ལྟ་སྐུལ་དོ་དམ་ཅུའུ་དང་མཚོ་སྔོན་རྡོ་སོལ་ལྟ་སྐུལ་ཅུའུ་གཉིས་ཀྱིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་བཟང་བོར་སྤེལ་བ། ད་ལྟའི་བྱ་བ་གཙོ་བོ་ཧུར་ཐག་སྒོས་བཟང་བོར་སྒྲུབ་པའི་ཐད་ལ་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག