མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྤྱི་ཟླ1པོ་ནས་སྤྱི་ཟླ5བའི་བར་དུ་ཧོང་ཀྲུང་རིག་གནས་ཀྱི་ཐོན་འབབ་སྒོར་དུང་ཕྱུར2ལ་སླེབས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-07-02 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་གིས“ཧོང་ཀྲུང་རྫོང་དེ་མིང་གྲགས་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་གནས་སྐོར་གནས་མཆོག་དང་ཟི་ལིང་མི་རིགས་དམངས་ཁྲོད་བཟོ་རྩལ་ཐོན་རྫས་འགྲེམ་སྟོན་ལྟེ་གནས”སུ་གསར་འཛུགས་བྱེད་པ་དམིགས་འབེན་དུ་བཟུང་སྟེ། མུ་མཐུད་དུ་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་དངུལ་གཏོང་དང་རིག་གནས་ཐོན་ལས་ར་བ་ཁུལ་འཛུགས་སྐྲུན་ལ་ཤུགས་བསྣན་པས་རྫོང་ཡོངས་ཀྱི་རིག་གནས་ཐོན་ལས་ལ་འཕེལ་རྒྱས་ལེགས་པོ་བྱུང་། སྤྱི་ཟླ1པོ་ནས་སྤྱི་ཟླ5བའི་བར་དུ་ཧོང་ཀྲུང་རྫོང་ཡོངས་ཀྱི་རིག་གནས་ཐོན་འབབ་སྒོར་དུང་ཕྱུར2ལ་སླེབས་ཤིང་། དེའི་ནང་པདྨ་འདབ་བརྒྱད་ཁྱད་ལྡན་ཐོན་ལས་ཀྱི་ཐོན་འབབ་སྒོར་དུང་ཕྱུར1.8ལ་སླེབས།

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་ཧོང་ཀྲུང་རྫོང་གིས་ཞིང་སྡེའི་རིག་གནས་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་སྟེ་ལས་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཧུར་བརྩོན་གྱིས་ཞིང་སྡེ་རུ་རིག་གནས་སྡེ་བའི་ཁྱིམ་ཚང་དུ་བསྐྱོད་པའི་བཟོ་འགོད་ལག་བསྟར་བྱས་ཏེ། ཞིང་སྡེའི་རིག་གནས་བྱ་འགུལ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། “ཧོང་ཀྲུང་གི་གཟི་ཉམས་བརྒྱད”ཀྱི་རིག་གནས་བྱ་འགུལ་གྱིས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ཧོང་ཀྲུང་རྫོང་ལ་སྔ་རྗེས་སུ་རིག་གནས་པུའུ་ཡིས“ཀྲུང་གོའི་དེང་རབས་དམངས་ཁྲོད་རི་མོའི་ཕ་ས”དང“ཆིན་ཆང་ཟློས་གར་གྱི་ཕ་ཡུལ།” “ཙོང་ཁའི་གཏམ་བརྗོད་ཟློས་གར་གྱི་ཕ་ཡུལ”། “རྔ་དང་མཁར་རྔའི་སྒྱུ་རྩལ་གྱི་ཕ་ས།”“དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ཡུལ”སོགས་ཀྱི་མཚན་སྙན་གནང་། ཤུགས་ཆེན་པོས“པདྨ་འདབ་བརྒྱད”ཀྱི་རིག་གནས་གནས་སྐོར་ཐོན་ལས་ར་བ་ཁུལ་གསར་འཛུགས་བྱས་པ་དང་། ར་བའི་ཁུལ་ནང་མི་རིགས་དམངས་ཁྲོད་བཟོ་རྩལ་ཐོན་རྫས་འགྲེམ་སྟོན་ཕྱིར་འཚོང་རོལ་མྱོང་ལྟེ་གནས་དང་། ཙོང་ཁའི་རིག་གནས་བཤམས་སྟོན་ཁང་སོགས་ཀྱི་ལས་གཞི་སྔ་རྗེས་སུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག