མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དྲ་འཇུག་སྲོལ་གསར་དར་སྤེལ་དང་དྲ་རྒྱའི་དཔལ་ཡོན་མཉམ་འཛུགས་ཞེས་དྲ་ཐོག་བརྩམས་ཆོས་ལ་བྱ་དགའ་སྟེར་བའི་རྩོམ་བསྡུ་སྤྱི་བསྒྲགས།

    2013-07-02 09:26

དྲ་འཇུག་སྲོལ་གསར་དར་སྤེལ་དང་དྲ་རྒྱའི་དཔལ་ཡོན་མཉམ་འཛུགས་ཞེས་དྲ་ཐོག་བརྩམས་ཆོས་ལ་བྱ་དགའ་སྟེར་བའི་རྩོམ་བསྡུ་སྤྱི་བསྒྲགས།

   ནུས་ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་དར་སྤེལ་དང་། རྒྱུན་ཆད་མེད་པར་དཔལ་ཡོན་ལྡན་པའི་དྲ་ཚིགས་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། གོམ་གང་མདུན་སྤོས་སྒོས་རང་ཞིང་གི་དཔལ་ཡོན་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན། འཚོ་བ་གསར་བ་གསར་བསྐྲུན་བྱེད་ཆེད་ དྲ་ཚིགས་ཀྱི་དྲང་ཕྱོགས་ནུས་པ་ཆེན་པོ་འདོད་པ།  ཟླ6པའི་ཚེས20ཉིན་ནས་ཟླ11པའི་ཚེས20ཉིན་བར། མཚོ་སྔོན་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་དྲ་འབྲེལ་བརྡ་འཕྲིན་གཞུང་ལས་ཁང་གིས་རྩ་འཛུགས་བྱས་ཏེ། དྲ་ཐོག་ནས་བྱ་དགའ་ཡོད་པའི་རྩོམ་བསྡུ་བྱ་འགུལ་སྤེལ་རྒྱུ་ཡིན་ལ། འབྲེལ་ཡོད་གནས་ཚུལ་གཤམ་ལྟར།

དང་པོ། བྱ་འགུལ་གྱི་བརྗོད་གཞི།

   ཀྲུང་གོའི་འདུན་མ་མངོན་འགྱུར།  མཚོ་སྔོན་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་གསར་བཏོད་གཙོ་ཡིན་པའི་གསར་བ་གཉིས་ཀྱི་དམིགས་འབེན་ལ་སྐུལ་འདེད། རྒྱལ་ཁབ་ཀྱི་མུར་འཁོར་དཔལ་འབྱོར་འཕེལ་རྒྱས་གྱི་སྔོན་སྐྱོད་ས་ཁུལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྔོན་སྐྱོད་ས་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་གཙོ་ཡིན་པའི་ས་ཁུལ་སུམ་འཛུགས་སྐྲུན་བཅས་སྲོག་ཤིང་དུ་བཟུང་བ།

གཉིས་པ། བྱ་འགུལ་སྤེལ་དུས།

ཟླ6པའི་ཚེས20ཉིན་ནས་ཟླ10བའི་ཚེས31ཉིན་བར་ནི་བརྩམས་ཆོས་བསྡུ་འགོད་དུས་སྐབས་ཡིན། ཟླ11པའི་ཚེས1ཉིན་ནས་ཚེས20ཉིན་བར་ནི་བརྩམས་ཆོས་འདེབས་ཐོན་དང་བྱ་དགའ་སྟེར་བའི་དུས་སྐབས་ཡིན།

གསུམ་པ། བྱ་དགའི་རྣམ་གྲངས།

ཨང་དང་པོའི་བྱ་དགའ10ཡོད(ལྷུག་རྩོམ་དང་དཔྱད་བརྗོད་གྱི་རིགས6དང་། དམངས་གཞས་དང་ཁ་པར་འཕྲིན་ཐུང་གི་རིགས2།པར་རིས་ཀྱི་རིགས2བཅས་འདུས) ཨང་ཉིས་པའི་བྱ་དགའ20ཡོད(ལྷུག་རྩོམ་དང་དཔྱད་བརྗོད་གྱི་རིགས10དང་། དམངས་གཞས་དང་ཁ་པར་འཕྲིན་ཐུང་གི་རིགས6།པར་རིས་ཀྱི་རིགས4བཅས་འདུས) ཨང་གསུམ་པའི་བྱ་དགའ50ཡོད(ལྷུག་རྩོམ་དང་དཔྱད་བརྗོད་གྱི་རིགས20དང་། དམངས་གཞས་དང་ཁ་པར་འཕྲིན་ཐུང་གི་རིགས20།པར་རིས་ཀྱི་རིགས10བཅས་འདུས)

བཞི་བ། བྱ་འགུལ་རྩ་འཛུགས།

རྩ་འཛུགས་ལས་ཁུངས་ནི། མཚོ་སྔོན་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཇུབ་སྟོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་། མཚོ་སྔོན་ཞིང་ཆེན་དྲ་འབྲེལ་བརྡ་འཕྲིན་གཞུང་ལས་ཁང་ཡིན།

ལས་སྒྲུབ་ལས་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ་དང་མཚོ་སྔོན་གསར་འགྱུར་དྲ་བ་སོགས་ཡིན།

ལྔ་བ། འབྲེལ་ཡོད་བླང་བྱ།

1、 བརྩམས་ཆོས་ཀྱི་བླང་བྱ།  བྱ་འགུལ་ལ་ཞུགས་པའི་བརྩམས་ཆོས་ཀྱིས་ཅིས་ཀྱང་ཀྲུང་གོའི་འདུན་མ་མངོན་འགྱུར་དང་། རང་ཞིང་གི་གསར་བ་གཉིས་དང་ས་ཁུལ་གསུམ་འཛུགས་སྐྲུན་བཅས་བརྗོད་གཞིར་དམ་པོར་སྦྲེལ་དགོས་ཤིང་། བརྩམས་ཆོས་དག་ངེས་པར་རང་རྩོམ་ཡིན་དགོས། བརྩམས་ཆོས་ཀྱི་རྣམ་པར་ཚོད་འཛིན་མེད་པས། པར་རིས་དང་དམངས་གཞས། ཁ་པར་འཕྲིན་ཐུང་། ལྷུག་རྩོམ་སྣ་ཚོགས་དང་དཔྱད་བརྗོད། སྒྲུང་ཐུང་བཅས་རྣམ་པ་གང་རུང་སྒོས་སྤེལ་ཆོག པར་རིསJPGརྣམ་པ་ཡིན་དགོས། དམངས་གཞས་དང་ཁ་པར་འཕྲིན་ཐུང་སོགས་ཡིག་འབྲུ100ལས་མང་མི་རུང་། ལྷུག་རྩོམ་དང་དཔྱད་བརྗོད་སོགས་ཡིག་འབྲུ500ནང་ཚོད་འཛིན་བྱ་དགོས།

2、བརྩམས་ཆོས་བསྐུར་བའི་བླང་བྱ།  བྱ་འགུལ་དུ་ཞུགས་མཁན་ཚོས་རང་གི་བརྩམས་ཆོས་ཀྲུང་གོའི་བོད་ཀྱི་དྲ་བའི་བརྩམས་ཆོས་བསྐུར་གནས་སྟེ། 553137629@QQ.COMལ་བསྐུར་དགོས་ཤིང་། བརྩམས་ཆོས་དང་མཉམ་དུ་རང་གི་གནས་ཚུལ་དང་འབྲེལ་གཏུག་ཁ་པར་བཅས་གསལ་བོར་འདོན་སྤྲོད་བྱེད་དགོས།

མཚོ་སྔོན་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཇུབ་སྟོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་།

མཚོ་སྔོན་ཞིང་ཆེན་དྲ་འབྲེལ་བརྡ་འཕྲིན་གཞུང་ལས་ཁང་།

     2013ལོའི་ཟླ6པའི་ཚེས20ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག